རྒྱ་མིའི་ལས་བྱེད་པས་བོུ་ལོ་ཆུང་ཞིག་རྐྱེན་ལམ་དུ་བཏང་འདུག

རྒྱ་ནག་ནང་གཞུང་གི་ལས་བྱེད་པས་སློབ་ཕྲུག་བོུ་ལོ་༡༣བྱས་པ་ཞིག་ལ་བཙན་གཡེམས་ཀྱིས་རྐྱེན་ལམ་བཏང་བར་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག

2008.06.29

༄༅༎རྒྱ་ནག་ནང་གཞུང་གི་ལས་བྱེད་པས་ སློབ་ཕྲུག་བོུ་ལོ་༡༣བྱས་པ་ཞིག་ལ་བཙན་གཡེམས་ཀྱིས་རྐྱེན་མ་བཏང་བར་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག

ཀོའེ་ཀྲུ་ཞིང་ཆེན་གྱི་ལྦན་གན་རྫོང་ཁུལ་ནང་རང་ལོ་༡༣ལ་སླེབས་པའི་བོུ་ཞིག་ལ་བཙན་གཡེམ་བྱས་པ་མ་ཟད་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་ཐོན་མ་ཐག་ས་གནས་ཀྱི་མི་མང་དང་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་སྟོང་ཕྲག་མང་པོ་འདུ་འཛོམས་ནས་ངོ་རྒོལ་བྱས་ཡོད་པ་མ་ཟད་གཞུང་ཉེན་སྲུང་བ་དང་གཞུང་གི་ལས་ཁུངས་དང་མོ་ཊ་སོགས་མེར་བསྲེགས་བཏང་ཡོད་ལུགས་ཧོང་ཀོང་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག གཞུང་གི་ཉེན་སྲུང་དཔོན་རིགས་དང་འབྲེལ་བ་ཡོད་པའི་མི་གསུམ་གྱིས་བོུ་དེ་མགོ་སྒོར་སླུ་བྲིས་བྱས་ཡོད་པའི་རྗེས་སུ་ཕྱིར་ལོག་བྱས་མེད་ལུགས་གཉེན་ཚས་ཚོས་འགྲེལ་བརྗོད་བྱས་ཡོད་འདུག མི་སྣ་དེ་དག་ཆུ་ཚོད་༢༤འི་རིང་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་བཏང་ཡོད་འདུག རེས་གཟའ་སྤེན་པའི་ཉིན་ས་གནས་ཀྱི་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་༥༠༠ཙམ་གྱིས་སྤྱི་སྡེ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་བྱེད་སྐབས་ཉེན་སྲུང་མི་སྣས་ཉེས་བརྡུང་བཏང་ནས་ཁ་གཏོར་ཡོད་འདུག དེ་རྗེས་མི་མང་ཁྲི་གཅིག་ཙམ་གྱེན་ལངས་ཀྱིས་ལས་ཁུངས་དང་མོ་ཊ་སོགས་གང་བྱུང་གཏོར་བཤིག་དང་མེར་བསྲེགས་བཏང་ཡོད་འདུག

དོན་རྐྱེན་དེའི་ནང་ཡུལ་མི་༡༥༠ཙམ་ལ་རྨས་སྐྱོན་དང་ ༢༠༠ཙམ་འཛིན་བཟུང་དང་ གཅིག་རྐྱེན་ལམ་དུ་ཕྱིན་ཡོད་ལུགས་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎