གླིང་གེ་གསར་གྱི་སྒྲུང་གཏམ་རྒྱ་སྐད་ནང་ཕབ་བསྒྱུར།
2011.12.28
༄༅༎པེ་ཅིང་ནང་རྟེན་གཞི་བྱས་པའི་མཐོ་རིམ་སློབ་གསོའི་དཔེ་བསྐྲུན་ཁང་གིས་ཟླ་བ་འདིའི་འགོ་སྟོད་ ལོ་༡༠༠༠གོང་གི་བོད་པའི་གླིང་གེ་གསར་གྱི་སྒྲུང་གཏམ་རྒྱ་སྐད་ནང་བསྒྱུར་བའི་དེབ་ཐེར་བརྒྱད་དཔར་སྐྲུན་བྱས་འདུག
ཡིག་འབྲུ་ས་ཡ་གཉིས་ཙམ་ཡོད་པའི་གླིང་གེ་གསར་གྱི་སྒྲུང་གཏམ་དེ་བཞིན། རྒྱ་ནག་གི་ནུབ་བྱང་མཚོ་སྔོན་ཞིང་ཆེན་ཁུལ་རྒྱ་ནག་གཞུང་གི་རྒྱབ་གཉེར་བྱས་པའི་གླིང་གེ་གསར་རྒྱལ་པོའི་ཞིབ་འཇུག་ཚན་པའི་ནང་གི་ཞིབ་འཇུག་མི་སྣ་༡༠ལྷག་ཙམ་གྱིས་ཕབ་སྒྱུར་ཕྱོགས་སྒྲིག་བྱས་ཡོད་སྐོར་མཐོ་རིམ་སློབ་གསོའི་དཔེ་བསྐྲུན་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
ཞིབ་འཇུག་མི་སྣའི་ཚོགས་ཆུང་དེས་ཉེ་དུས་རང་ གླིང་དགེ་གསར་རྒྱལ་པོའི་ལོ་རྒྱུས་ལས། ཞང་གཞུང་གི་མུ་ཏིག་རྫོང་དབང་བསྒྱུར་བྱས་པ་ཞེས་པའི་དེབ་ཐེར་དང་པོ་དེ་བོད་སྐད་ནས་རྒྱ་སྐད་དུ་ཕབ་སྒྱུར་ཟིན་པ་དང༌། དུས་རབས་༢༠པའི་ནང་བོད་ནང་གི་མཁས་པ་སྙན་གྲགས་ཅན་ཚོས་འབྲི་རྩོམ་གནང་བའི་གླིང་གེ་གསར་གྱི་ལོ་རྒྱུས་དེབ་ཐེར་འཕྲོས་བདུན་པོ་དེ་རྣམས་རྒྱ་སྐད་དུ་ཕབ་བསྒྱུར་དང་སྦྲགས་དེ་ཚོར་ཞུ་དག་བཏང་ཟིན་པའི་སྐོར་མཐོ་རིམ་སློབ་གསོའི་དཔེ་བསྐྲུན་ཁང་གིས་འགྲེལ་བརྗོད་བྱས་འདུག།