རྒྱ་ནག་གི་སྲིད་འཛིན་གཞོན་པ་ཨོ་སི་ཀྲོ་ལི་ཡའི་ནང་ཕེབས་རྒྱུ།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིན་ཕིང་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་ཨོ་སི་ཀྲོ་ལི་ཡར་འཚམས་གཟིགས་གནང་རྒྱུ་ཡིན་འདུག

2010.06.19

༄༅༎ཨོ་སི་ཀྲོ་ལི་ཡ་དང་རྒྱ་ནག་དབར་གཏེར་ཁ་བསྔོག་འདོན་གྱི་ལས་གཞིའི་ཁེ་བབས་ཐོག་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་ཁྲལ་བརྒྱ་ཆ་བཞི་བཅུ་རྒྱབ་རྒྱུའི་གནད་དོན་ཐད་མི་མཐུན་པ་ཆེན་པོ་ཡོད་པའི་སྐབས་འདིར་རྒྱ་ནག་གི་འབྱུར་འགྱུར་འགོག་འཁྲིད་དུ་ངེས་པ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིན་ཕིང་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་ཉིན་བཞིའི་རིང་ཨོ་སི་ཀྲོ་ལི་ཡར་འཚམས་གཟིགས་གནང་རྒྱུ་ཡིན་འདུག

ཤི་ཇིན་ཕིང་ཕྱི་ལོ་༢༠༡༣ལོར་སྲིད་འཛིན་ཧུ་ཇིན་ཏའོའི་ཚབ་ཏུ་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་ངེས་པ་ཡིན་པ་དང་འདས་པའི་ཉིན་གྲངས་འགའ་ཤས་རིང་ནིའུ་ཛི་ལེན་ཌི་དུ་བསྐྱོད་སྟེ་ནིའུ་ཛི་ལེན་ཌི་གྲོས་ཚོགས་ཀྱི་སྔོ་ལྗང་ཚོགས་པའི་འཐུས་མི་ཞིག་གིས་བོད་ཀྱི་རྒྱལ་དར་ཕྱར་ཏེ་ཤི་ཇིན་ཕིང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ལ་སོགས་པ་གནས་ཚུལ་གྲ་མ་སྒྲིག་ཁ་ཤས་བྱུང་ཡོད་པ་རེད།

ཤི་ཇིན་ཕིང་གི་ཨོ་སི་ཀྲོ་ལི་ཡའི་འཚམས་གཟིགས་འདི་ནི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་རི་ཡོ་ཀྲིན་ཀྲོ་ཟེར་བ་ཨོ་སི་ཀྲོ་ལི་ཡའི་གཏེར་ཁ་བསྔོག་འདོན་ཁེ་གཉེར་ལས་ཁང་གི་ལས་བྱེད་མཐོ་གྲས་སི་ཀྲན་ཧུ་རྒྱ་ནག་གཞུང་གི་བཙོན་བཅུག་བྱས་པའི་གནས་ཚུལ་བྱུང་རྗེས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཡུལ་འདིའི་ནང་འཚམས་གཟིགས་བྱུང་བ་ཐོག་མ་དེ་ཡིན་པ་དང་ རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིན་ཕིང་གིས་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཀེ་ལྦིན་ར་ཌེ་སོགས་གནས་ཡོད་དཔོན་རིགས་ཚོ་དང་མཇལ་འཕྲད་སྐབས་ཨོ་སི་ཀྲོ་ལི་ཡའི་གཞུང་གིས་གཏེར་ཁ་བསྔོག་འདོན་གྱི་ལས་གཞིའི་ཁེ་བབས་ཐད་ཁྲལ་བརྒྱ་ཆ་བཞི་བཅུ་ཐམ་པ་འགལ་རྒྱུའི་གནད་དོན་ཐད་བཀའ་བསྡུར་ནན་པོ་གནང་རྒྱུ་ཡིན་པ་ཨོ་སི་ཀྲོ་ལི་ཡའི་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་གསར་འགོད་པ་ཚོར་བརྗོད་འདུག

རྒྱ་ནག་གི་དཔལ་འབྱོར་བཟོ་ལས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པར་བརྟེན་ལྕགས་རིགས་གཏེར་དངོས་ཀྱི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དང་ཨོ་སི་ཀྲོ་ལི་ཡ་ནི་ལྕགས་རིགས་གཏེར་དངོས་ཀྱི་ཕྱུག་པའི་ཡུལ་གྲུ་ཞིག་ཡིན་པ་རེད།

རྒྱ་ནག་གཞུང་གིས་ཨོ་སི་ཀྲོ་ལི་ཡའི་རི་ཡོ་ཀྲིན་ཀྲོ་གཏེར་ལས་ཁེ་གཉེར་ཁང་གི་ལས་བྱེད་པ་སི་ཀྲན་ཧུ་ལ་བཙོན་བཅུག་གི་ཉེས་ཆད་བཏང་པ་དང་ཡང་ཨོ་སི་ཀྲོ་ལི་ཡའི་ངོས་ནས་ཤར་ཏུར་ཀི་སི་ཐན་གྱི་རང་དབང་འཐབ་རྩོད་པ་རེ་སྦི་ཡ་ཀ་རྡིར་ཨོ་སི་ཀྲོ་ལི་ཡར་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་པ་སོགས་ཕྱོགས་ཕན་ཚུན་དབར་ཆབ་སྲིད་འཁོན་འཁྲུག་གི་གནས་ཚུལ་རིམ་པ་བྱུང་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཕྱོགས་གཉིས་དབར་གྱི་མི་མཐུན་པའི་གནད་དོན་ཁག་ཟུར་འཇོག་གིས་ཐོུང་གི་ཁེ་ཕན་འགྲུབ་རྒྱུར་ཕྱོགས་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་དང་མཉམ་འབྲེལ་བྱེད་ཐུབ་རྒྱུ་ཡིན་པའི་གཏམ་བཤད་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎