བོད་ནང་ཐན་སྐྱོན་གྱི་གནོད་ཚབས་ཇེ་སྡུག་ཏུ་ཕྱིན་པ།

བོད་ནང་འདས་པའི་མི་ལོ་སུམ་བཅུའི་ནང་གི་ཐན་པ་ཚབས་ཆེ་ཤོས་དེ་བཞིན་ད་ལོ་ཐོན་ཡོད་པའི་སྐོར་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་རེད།

2009.06.20

༄༅༎བོད་ནང་འདས་པའི་མི་ལོ་སུམ་བཅུའི་ནང་གི་ཐན་པ་ཚབས་ཆེ་ཤོས་དེ་བཞིན་ད་ལོ་ཐོན་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧུ་ལྦ་གསར་སྤེལ་ཚན་པས་ཁེ་ས་གཟའ་སྤེན་པའི་ཉིན་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་རེད།

འདས་པའི་མི་ལོ་སུམ་བཅུ་ལྷག་ཙམ་རིང་ནས་འགོ་བཙུགས་ཏེ་ཐན་པའི་གནོད་སྐྱོན་ལོ་རེ་བཞིན་ཚབས་ཆེ་རུ་ཕྱིན་ཏེ་བོད་ཀྱི་ས་ཁྱོན་བསྡོམས་ཧེཀ་ཊར་སྟོང་ཕྲག་མང་པོ་བྱེ་ཐང་འདྲ་བའི་བེད་མེད་ཅན་དུ་གྱུར་ཡོད་པས་མ་ཟད་སྒོ་ཕྱུགས་སེམས་ཅན་ཆིག་ཁྲི་སུམ་སྟོང་ལྷག་ཤི་སྐྱོན་ཕྱིན་ཡོད་པ་རེད། ཉེ་ཆར་རྒྱ་ནག་གི་གནམ་གཤིས་བརྟག་དཔྱད་ལས་ཁང་གི་དཔོན་རིགས་ཀྲང་གོ་ཕང་ཞུ་བས་བཤད་དོན་ལྟར་ན་ཧི་མ་ལ་ཡའི་མངའ་ཁུལ་དུ་ཐན་སྐྱོན་དང་སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་ཡིས་རྐྱེན་པས་ཧི་མ་ལ་ཡའི་འཁྱག་རོམ་ཞུར་ནས་ཆུ་ལོག་གི་གནོད་འཚེ་བྱུང་བ་དང་དེའི་རྐྱེན་གྱིས་རང་འབྱུང་ཐོན་སྐྱེས་ལ་གནོད་འཚེ་གཏོང་རྒྱུ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་སྐོར་ཉེན་བརྡ་བཏང་ཡོད་པ་རེད། གནས་ཚུལ་མུ་མཐུད་སྤེལ་གསལ་ལྟར་ན་ན་ནིང་ལོ་ནས་བཟུང་བོད་ཀྱི་ས་ཁུལ་མང་པོའི་ནང་ཐན་པས་གནོད་འཚེ་གཏོང་རྒྱུའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་ཐོག་ལ་བོད་ཀྱི་གནམ་གཤིས་ཡང་དེ་སྔ་ལས་ཚ་རུ་ཕྱིན་ཏེ་ཐན་པའི་གནོད་ཚབས་ད་དུང་སྡུག་ཏུ་འགྲོ་བཞིན་པ་ཡིན་པའི་ཉེན་བརྡའི་ཚུལ་དུ་གསལ་བཤད་བྱས་ཡོད་པ་རེད། བོད་ཀྱི་གནམ་གཤིས་ལོ་རེ་བཞིན་ཚ་རུ་ཕྱིན་པ་དང་དུས་མཉམ་དུ་ཧི་མ་ལ་ཡའི་འཁྱག་རོམ་བཞུར་ཚད་ཡང་ལོ་རེ་བཞིན་མགྱོགས་པོ་ཕྱིན་ཏེ་དེའི་ཤུགས་རྐྱེན་འོག་རྒྱ་ནག་གི་ས་ཁུལ་མང་པོའི་ནང་ཆུ་ལོག་གི་གནོད་ཚབས་ཡོང་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་ཉེན་ཡོད་པ་ཡང་སྔོན་བརྡ་བཏང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎