དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་གསང་ཉུལ་བ་ཞིག་དབྱིན་ཡུལ་ནང་ཕྱིར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག

2024.12.17
དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་གསང་ཉུལ་བ་ཞིག་དབྱིན་ཡུལ་ནང་ཕྱིར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག རྒྱ་ནག་གི་གསང་ཉུལ་བ་ཡིན་པའི་དོགས་ཡོད་རྒྱ་རིགས་(Yang Tengbo)
photo. (China Daily)

* དབྱིན་ཡིག་གི་འབྲེལ་ཡོད་གནས་ཚུལ།

རྒྱ་ནག་གཞུང་ལ་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་ཡོད་པའི་ཉེས་མིང་འོག་རྒྱ་རིགས་(Yang Tengbo)་དབྱིན་ཡུལ་ནང་ཕྱིར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་ཁོང་དབྱིན་ཡུལ་གྱི་མཐོ་རིམ་མི་སྣ་ཁག་ཅིག་དང་འབྲེལ་བ་ཡོད་འདུག
ཉེ་ཆར་དབྱིན་ཇིའི་གཞུང་གིས་རྒྱ་ནག་གཞུང་ལ་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་ཡོད་པའི་ཉེས་མིང་འོག་རྒྱ་རིགས་(Yang Tengbo)་དབྱིན་ཡུལ་ནང་ཕྱིར་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། ཡང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་བ་ཆེན་པོ་ཡོད་པའི་ཚོགས་པ་ཞིག་གིས་དེ་སྔ་(Yang Tengbo)་དང་དབྱིན་ཡུལ་གྱི་སྲིད་བློན་གཉིས་ཀྱི་འབྲེལ་བ་ལ་ཆེད་བསྟོད་བྱ་དགའ་སྤྲད་མྱོང་ཡོད་འདུག་ལ། དེ་སྔ་སྤྱི་ལོ་༢༠༡༩ལོར་ལོ་ན་༥༠ ཡིན་པའི་རྒྱ་རིགས་(Yang Tengbo)་ལ་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་(David Cameron)་དང་(Teresa May)་གཉིས་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་ནས་(Huarenbang)་སྟེ་རྒྱ་མི་རིགས་ཀྱི་མིག་དཔེ་ཞེས་པའི་ཆེད་བསྟོད་གཟེངས་རྟགས་སྤྲད་མྱོང་ཡོད་པ་རེད།

Yang Tengbo, center, stands with David Cameron.JPG
རྒྱ་རིགས་(Yang Tengbo)དབྱིན་ཇིའི་སྲིད་བློན་ཟུར་པ་(David Cameron)་དང་མཉམ་དུ། ༢༠༡༩

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། རྒྱ་རིགས་(Yang Tengbo)་ལ་ཆེད་བསྟོད་ངོས་འཛིན་གྱི་བྱ་དགའ་སྤྲོད་མཁན་ཚོགས་པ་དེ་ནི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་འབྲེལ་ལམ་དམ་ཟབ་ཡོད་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དག་གིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནི་ཕྱིའི་རྒྱལ་ཁབ་ཁག་ཏུ་གསང་མྱུལ་དང་ཤུགས་རྐྱེན་ཐེབས་པའི་ལས་དོན་སྤེལ་མཁན་གྱི་རྒྱ་ནག་གཞུང་གི་ལས་ཁུངས་ཤིག་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།
སྤྱི་ཟླ་༡༢ཚེས་༡༢ཉིན་དབྱིན་ཡུལ་གྱིས་ཕྱི་མི་ཞིབ་བཤེར་གནས་སྤོར་ཁྲིམས་ཞིབ་ཁང་གིས་ཨང་རྟགས་(H6)་ཅན་གྱི་རྒྱ་ནག་གི་མི་སེར་ཞིག་དབྱིན་ཡུལ་ནང་ཡོང་མི་ཆོག་པའི་བཀག་སྡོམ་ཉེས་ཆད་ཕྱིར་བསྒྲགས་བྱས་ཡོད་པ་དང་། དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཞིབ་འཇུག་བརྒྱུད་(H6)་ཞེས་པ་དེ་ནི་(Yang Tengbo)་ཡིན་པ་ཤེས་རྟོགས་བྱུང་ཡོད་ལ། ཁྲིམས་ཐག་གསལ་བསྒྲགས་ནང་དབྱིན་ཡུལ་གྱི་གསང་བའི་ལས་ཁུངས་(M15)་ཡིས། (Yang Tengbo)་ཡིས་དབྱིན་ཡུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་ཅིང་། དེ་ཡང་(Yang)་ནི་པེ་ཅིང་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཁོས་དབྱིན་ཡུལ་གྱི་མི་སྣ་གྲགས་ཅན་དང་འབྲེལ་བ་བེད་སྤྱད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚབ་བྱས་ཏེ་ཆབ་སྲིད་ལ་ཐེ་ཇུས་བྱེད་པའི་ནུས་པ་ཡོད་ལུགས་གསལ་འདུག
གསང་ཉུལ་བའི་ཉེས་མིང་ཕོག་པའི་(Yang Tengbo)་གཞན་དབྱིན་ཡུལ་གྱི་རྒྱལ་སྲས་(Andrew, Duke of York)་དང་ཡང་འབྲེལ་ལམ་དམ་ཟབ་ཡོད་པ་རེད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎