རྒྱ་ནག་གིས་ཁྲིམས་རྩོད་པ་ཐང་པིའོ་གློད་བཀྲོལ་བཏང་ཡོད་པ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་ཁྲིམས་རྩོད་གནང་མཁན་ཁྲིམས་རྩོད་པ་ཐང་པིའོ་ཞུ་བ་ཁོང་གློད་བཀྲོལ་བཏང་ཡོད་པའི་སྐོར།

2011.04.30

༄༅༎ད་རེས་ཉེ་ཆར་ཨ་མི་རི་ཁའི་རྒྱལ་དོན་དྲུང་ཆེ་ལས་རོགས་མའེ་ཀལ་པོ་སི་ནར་རྒྱ་ནག་ལ་འགྲོ་བ་མིའི་ཐོིབ་ཐང་གི་གནད་དོན་ཐད་བཀའ་མོལ་གནང་བར་ཕེབས་འབྱོར་གནང་བའི་ཉིན་རྗེས་མ་དེ་རང་ལརྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་ཁྲིམས་རྩོད་གནང་མཁན་ཁྲིམས་རྩོད་པ་ ཐང་པིའོ་ཞུ་བ་ཁོང་རྒྱ་ནག་གཞུང་གིསསྤྱི་ཟླ་༢་པ་ནས་འཛིན་བཟུང་དམ་བསྒྲགས་འོག་གནས་ཡོད་པ་ཁོང་གུ་ཡང་གློད་བཀྲོལ་བཏང་ཡོད་པའི་སྐོར་ཁོང་གི་སྐུ་ཟླ་ལྦང་ལིང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།

ཝང་ལིང་གིས་ཞལ་དཔར་ཐོིག་གསར་འགོད་པར་འགྲེལ་བརྗོད་གནང་བར་ངའི་བཟའ་ཟླ་དེ་རིང་ཉིན་དགུང་རྒྱབ་ལ་གུ་ཡང་གློད་བཀྲོལ་བཏང་བྱུང་བས་ཁོང་ད་ལྟ་བདེ་པོ་རེད། ཡིན་ནའི་ད་ལྟ་ཞལ་པར་ཐོག་བཀའ་མོིལ་ཞུ་སྟབས་བདེ་པོ་མིན་འདུག་ཅེས་བཤད་ཡོད་པ་རེད

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཁྲིམས་རྩོད་རྒྱབ་མཁན་གྱི་ཁྲིམས་རྩོད་པ་མང་པོ་ཡང་ནས་ཡང་དུ་གསང་བའི་སྒོ་ནས་འཛིན་བཟུང་བྱས་པའི་གནས་ཚུལ་མང་དག་ཅིག་བྱུང་དང་བྱུང་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎