རྒྱ་ནག་ཏུ་རང་དབང་རྩོད་ལེན་མཁན་ཞིག་ལ་ཁྲིམས་བཅད།

རྒྱ་ནག་ནང་འོས་བསྡུའི་རང་དབང་ཆེ་ཙམ་དགོས་རྒྱུའི་རྩོད་ལེན་གནང་མཁན་ལི་ཧྲུའང་རྡེ་ཐོག་དངུལ་བུན་མ་སྤྲད་པའི་ནག་ཉེས་བཙུགས་འདུག

2011.06.01

༄༅༎རྒྱ་ནག་ནང་འོས་བསྡུའི་རང་དབང་ཆེ་ཙམ་དགོས་རྒྱུའི་རྩོད་ལེན་གནང་མཁན་ལི་ཧྲུའང་རྡེ་ཐོག་Credit Card གིས་དངུལ་བུན་མ་སྤྲད་པའི་ནག་ཉེས་བཙུགས་ཏེ་ཟླ་བ་བཞིའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་ཁ་ས་བཅད་ཡོད་ནའང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ དེ་ནི་ལི་འཛིན་བཟུང་བཙོན་འཇུག་བྱ་རྒྱུར་དོན་མེད་ཁོང་ལ་མ་ཉེས་ཁ་གཡོག་བཙུགས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་གནང་བཞག།

བར་ལམ་ཞིག་ལ་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ནས་ ཨ་རབ་ཡུལ་ཁག་དང་འདྲ་བའི་མང་ཚོགས་ཀྱི་དམངས་གཙོའི་གྱེན་ལངས་མི་ཡོང་བའི་དམིགས་ཡུལ་ཐོག་ནས་རྒྱ་ནག་ནང་གི་ཁྲིམས་རྩོད་པ་དང༌། ཐོབ་ཐང་དོན་གཉེར་བ། དྲ་གནས་སྤེལ་མཁན་གྱི་མི་སྣ་མང་པོ་ཞིག་འཛིན་བཟུང་བྱས་པའི་སྐབས་སུ་ཕྱི་ཟླ་གསུམ་པའི་ནང་ལི་ཧྲུའང་རྡེ་འཛིན་བཟུང་བྱས་ཡོད་པ་རེད། ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ ལི་ནི་རྒྱ་གཞུང་གིས་ཉེ་བའི་ཆར་འཛིན་བཟུང་བྱས་པའི་གྲས་ནས་ཁྲིམས་གཅོད་་བྱས་པ་ཐོག་མ་དེ་ཡིན་སྐོར་འགྲེལ་བརྗོད་བྱས་བཞག།

ཁྲིན་ཏུ་གྲོང་ཁྱེར་ཁྲིམས་ཁང་གིས་ལི་ཧྲུའང་རྡེ་ལ་དུས་ཚོད་ཐུང་ཐུང་ཞིག་ནང་ཁྲིམས་གཅོད་་བྱས་ཡོད་པ་དང། ལི་ཡི་ནག་ཉེས་ཐེར་འདོན་བྱས་ནས་ཟླ་བ་བཞིའི་རིང་བཙོན་འཇུག་དང་རྒྱ་མིའི་སྒོར་མོ་ཁྲི་གཉིས་ཉེས་ཆད་བཏང་ཡོད་སྐོར་ལི་ཡི་ཁྲིམས་རྩོད་པ་ཟུར་པ་རན་ཐོང་དང་གྲོགས་པོ་ཤིང་ཆིང་ཤན་ཡིས་བརྗོད་འདུག།

ལི་ཡིས་ Credit Card གི་བུ་ལོན་དུས་ཐོག་སྤྲོད་འཇལ་ཐུབ་མེད་པའི་ནག་ཉེས་བཙུགས་ཏེ་ཐོག་མར་ཕྱི་ཟླ་༣ཚེས་༢༤ཉིན་འཛིན་བཟུང་བྱས་ཡོད་པ་རེད། ཁོང་གི་གྲོགས་པོ་དང་སྤུན་མཆེད་ཚོས་ཕྱི་ཟླ་༤ཚེས་༢ཉིན་བུ་ལོན་གཙང་སེལ་སྤྲོད་འཇལ་བྱས་ཡོད་ནའང༌། ལི་ཐོག་ཁྲིམས་འགལ་བྱས་པའི་ནག་ཉེས་བཙུགས་ཡོད་སྐོར་ ཧོང་ཀོང་ནང་གི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོས་འགྲེལ་བརྗོད་བྱས་བཞག། ལི་ཡི་ད་ལྟའི་ཁྲིམས་རྩོད་པ་དང༌། ཁྲིམས་ཁང་གཉིས་ཀས་གྱོད་གཞི་དེའི་ཐད་བསམ་ཚུལ་གང་ཡང་བཏོན་མི་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎