རྒྱ་ནག་ཏུ་ས་རུད་དོན་རྐྱེན་འོག་མི་༢༧རྐྱེན་ལམ་དུ་ཕྱིན་པ།

རྒྱ་ནག་ཏུ་ཉེན་སྐྱོབ་རུ་ཁག་ཆིག་སྟོང་ལྔ་བརྒྱ་ཙམ་གྱིས་ད་དུང་ས་འོག་ཏུ་ལུས་ཡོད་པའི་མི་རྣམས་མུ་མཐུད་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།

2009.06.07

༄༅༎རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ལྷོ་ནུབ་ཁྲུང་ཆེན་གྲོང་ཁྱེར་ནས་རིང་ཚད་ཀི་ལོ་མི་ཊར་༡༥༠འི་མཚམས་སུ་ཡོད་པའི་ལྦུའུ་ལུང་ས་ཁུལ་ནང་ས་རུད་ཐེབས་ཏེ་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གི་སི་སི་ཊི་ལྦི་བརྙན་འཕྲིན་ཐོག་ལ་མི་༢༦རྐྱེན་ལམ་དུ་ཕྱིན་པ་རྒྱང་བསྲིང་བྱས་ཡོད་པ་ལས་ད་ལྟ་བར་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་མི་ཤི་སྐྱོན་བྱུང་བའི་གྲངས་འབོར་བཏོན་མེད་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་ཉེན་སྐྱོབ་རུ་ཁག་ཆིག་སྟོང་ལྔ་བརྒྱ་ཙམ་གྱིས་ད་དུང་ས་འོག་ཏུ་ལུས་ཡོད་པའི་མི་རྣམས་མུ་མཐུད་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་རེས་གཟའ་སྤེན་པའི་ཉིན་སི་སི་ཊི་ལྦི་བརྙན་འཕྲིན་ཐོག་མི་༢༦རྐྱེན་ལམ་དུ་ཕྱིན་པ་ནི་ལག་འཁྱེར་ཁ་པར་ལས་ཁུངས་ཀྱི་ལས་བྱེད་པ་བདུན་དང་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་ལས་བཟོ་བ་བཅུ་དགུ་ཡིན་པ་རྒྱང་བསྲིང་བྱས་པ་མ་ཟད་དེ་རིང་བརྙན་འཕྲིན་དེའི་ཐོག་ལ་ད་དུང་མི་ཤི་སོན་གང་ཡིན་རྙེད་སོན་མ་བྱུང་བ་མི་གྲངས་ཉི་ཤུ་རྩ་བདུན་གྲངས་ཀ་བཏོན་ཡོད་པ་དང་སྐབས་དེར་ས་རུད་ཀྱི་གནོད་འཚེ་དེའི་འོག་ས་གནས་དེའི་ནང་གི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་ལས་གྲ་ཞིག་ཏུ་ལས་བཟོ་བ་མི་གྲངས་ཉི་ཤུ་རྩ་བདུན་ཡོད་པ་དེ་རྣམས་ནས་ས་འོག་ཏུ་ཚུད་ཡོད་པའི་བཟོ་པ་རྣམས་མུ་མཐུད་ཕྱིར་འདོན་ཐབས་བྱེད་བཞིན་ཡོད་པའི་སྐོར་རྒྱང་བསྲིང་བྱས་ཡོད་པ་རེད།

གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་ལས་གྲ་དེ་ནི་གཏིང་རིང་ཚད་མི་ཊར་༡༥༠ནས་༢༠༠ཙམ་གྱི་ས་ལ་ཡོད་པ་དང་འབྲེལ་ཡོད་ས་གནས་དཔོན་རིགས་ཀྱིས་ས་འོག་དེའི་གཏིང་དུ་གནས་པའི་ཆུ་དང་མཁའ་རླུང་གིས་ས་འོག་ཏུ་ཚུད་པའི་མི་དེ་རྣམས་ཉིན་གྲངས་ལྔ་ནས་བདུན་བར་འཚོ་གནས་ཐུབ་སྲིད་པའི་སྔོན་དཔགས་བྱེད་བཞིན་ཡོད་པ་དང་ས་རུད་ཀྱི་དོན་རྐྱེན་དེའི་འབྱུང་རྩ་ཇི་ཡིན་འཚོལ་ཞིབ་ཀྱི་ལས་དོན་འགོ་བཙུགས་བྱས་ཟིན་ཡོད་ཅིང་ཡིན་ནའང་ད་རེས་ཀྱི་ས་རུད་ཀྱི་གནོད་འཚེ་དེའི་ཐོག་ནས་མི་ཤི་སྐྱོན་དང་ས་གནས་སུ་གློག་མེད་པའི་དཀའ་ངལ་ད་དུང་ས་གནས་ཁག་ཅིག་ནང་ཁ་པར་སོགས་ཀྱི་འབྲེལ་མཐུད་མེད་པར་གནས་བཞིན་ཡོད་པ་རེད། གང་ལྟར་རྒྱ་ནག་གི་ཀྲོང་ཆིན་ས་ཁུལ་ནང་དུ་བཟོ་པའི་ལས་གྲའི་ནང་གནོད་འཚེའི་དོན་རྐྱེན་བྱུང་ཡུལ་མང་ཤོས་ཤིག་ཡིན་པ་མ་ཟད་དེའི་ནང་ནས་གཏེར་ཁ་སྔོག་འདོན་བྱེད་ཡུལ་དུ་གོད་ཆགས་ཀྱི་དོན་རྐྱེན་འཕྲད་བཞིན་པ་དེ་ནི་འཛམ་གླིང་ནང་ནས་རྒྱ་ནག་སྡུག་ཤོས་དང་ཉེན་ཁ་ཆེ་ཤོས་ཡིན་པ་ངོས་འཛིན་བྱེད་པ་དང་ན་ནིང་ཁོ་ནར་མཚོན་ན་རྒྱ་ནག་གཞུང་གིས་བསྡོམས་རྩིས་ནང་རྡོ་སོལ་སྔོག་འདོན་བྱེད་ཡུལ་ལས་གྲར་གནོད་འཚེ་བྱུང་སྟེ་ཁྱོན་ལས་བཟོ་བ་མི་གྲངས་གསུམ་སྟོང་ཉིས་རྒྱ་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཀ་བཏོན་ཡོད་ཀྱང་རང་དབང་ཅན་གྱི་གནས་ཚུལ་དབྱེ་ཞིབ་བྱེད་མཁན་ཚོས་གསུངས་ན་གྲངས་ཀ་དེ་ལས་མང་བ་བྱུང་ཡོད་པ་དང་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་ཡུལ་ལས་གྲའི་ཐོག་བྱུང་བའི་དོན་རྐྱེན་མང་པོ་ཞིག་སྦས་སྐུང་བྱས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎