རྒྱ་ནག་གིས་༸གོང་ས་མཆོག་ལ་མཚན་དམས་བྱེད་བཞིན་པ།
2008.05.25
༄༅༎རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་མུ་མཐུད་ནས་བྱེད་བཞིན་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཡིན་ལུགས་༸གོང་ས་མཆོག་གིས་གསུངས་གནང་འདུག
རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྡེ་ཚན་ཚོས་ ༸གོང་ས་མཆོག་ལ་སྐྱོན་བརྗོད་ཧ་ཅང་ཤུགས་ཆེ་བྱས་ནས་ཡུལ་མི་ས་ཡ་མང་པོའི་སེམས་ནས་ ༸གོང་ས་མཆོག་བདུད་ལྟ་བུར་ངོས་འཛིན་ཡོང་བའི་ཤུགས་རྐྱེན་སྤྲོད་བཞིན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པ་དང་ རྒྱ་ནག་མི་མང་ཚོར་གཞུང་ཁོ་ནའི་གནས་ཚུལ་མཁྱོགས་བཤད་གང་བྱས་མ་གཏོགས་གནང་ཚུལ་ངོ་མ་རྟོག་རྒྱུའི་གོ་སྐབས་མེད་ལུགས་༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་གྲོང་ཁྱེར་ནོཊིང་ཧེམ་ཞེས་པར་ཉིན་ལྔའི་གསུང་ཆོས་དབུ་འཛུགས་ཉིན་མང་ཚོགས་ལ་གསུང་བཤད་གནང་འདུག
ཡང་༸གོང་ས་མཆོག་གིས་དེ་འདྲའི་དམ་བསྒྲགས་ཀྱི་ཁོར་ཡུག་འོག་དེང་དུས་ཀྱི་རྒྱ་མི་རིགས་ཚོར་མིའི་སེམས་ཀྱི་ཚོར་བའི་འདུ་ཤེས་མེད་པ་ལྟ་བུའི་སྣང་ཚུལ་ཆགས་ཡོད་ལུགས་གསུངས་པ་སྦྲགས་ གལ་སྲིད་རྒྱ་མི་ས་ཡ་མང་པོས་དངོས་པའི་གནས་ཚུལ་ལ་༸གོང་ས་མཆོག་བདུད་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ན་ དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་པ་མ་ཟད་ དེ་འདྲ་ཁོར་ཡུག་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཁག་པོ་རེད་ འོན་ཀྱང་བདེན་པ་བོད་མི་ཚོར་ཡོད་པར་བརྟེན་ བཙན་ཤེད་ཐོག་ནས་བདེན་པ་མེད་པ་བཟོ་ཐུབ་ཀྱི་མ་རེད་།