རྒྱ་ནག་སྲིད་འཛིན་ཨ་རིར་འཚམས་འདྲི།

རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་རེས་གཟའ་མིག་དམར་ཉིན་ཨ་རིར་འཚམས་འདྲི་བྱེད་པར་ཐོན་བསྐྱོད་བྱས་ཡོད་པའི་སྐོར།

2011.01.18

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་རེས་གཟའ་མིག་དམར་ཉིན་ཨ་རིར་འཚམས་འདྲི་བྱེད་པར་ཐོན་བསྐྱོད་བྱས་ཡོད་པའི་སྐོར་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་བཤད་ཡོད་པ་དང༌། ད་རེས་ཧུ་ཇིན་ཏའོ་ཡི་འཚམས་འདྲི་དེ་ནི། རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཛ་དྲག་གི་གནས་སྟངས་ཐོག་ལྷུང་བའི་དུས་སྐབས་དེར་བྱུང་བ་ཡིན་པ་ཕེ་རིན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག

ད་དུང་གསར་ཤོག་དེའི་ཐོག་ལ་གནས་ཚུལ་བཀོད་པར་གཞིགས་ན། ཧུ་ཇིན་ཐའོ་ཡི་འཚམས་འདྲི་དེ་ནི། རེས་གཟའ་མིག་དམར་ཕྱི་དྲོ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་སྐུ་སྒེར་གྱིས་ཕོ་བྲང་དཀར་པོའི་བཞུགས་གནས་སུ་གསོལ་སྟོན་དུ་མགྲོན་འབོད་བྱས་ཏེ་འགོ་འཛུགས་བྱ་རྒྱུ་ཡིན་པ་དང༌། གསོལ་སྟོན་དེའི་ཐོག་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀའི་ཕྱོགས་ནས་མཐོ་རིམ་དཔོན་རིགས་འགའ་ཤས་ལས་མཉམ་ཞུགས་གནང་གི་མེད་ཅིང༌། དེ་ནས་རེས་གཟའ་ལྷག་པ་ནས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་གཞུང་འབྲེལ་གྱི་འཚམས་འདྲིའི་ལས་དོན་གྱི་འཆར་གཞི་སྒྲིག་ཏེ། དེའི་ཁོངས་སུ་ཕོ་བྲང་དཀར་པོའི་གཞུང་ལས་ཁང་དུ་ཧུ་ཇིན་ཐའོ་དང་མཇལ་འཕྲད་གྲོས་མོལ་གནང་རྒྱུ་དང༌། གཞུང་འབྲེལ་གྱི་གསོལ་ཚིགས་གཏོང་རྒྱུ་ཡིན་པ་རེད། དེ་རྗེས་ཧུ་ཇིན་ཐའོ་ཨ་མི་རི་ཀའི་ཨི་ལི་ནོ་ཨི་མངའ་སྡེའི་གྲོང་ཁྱེར་ཤི་ཁ་གོ་དུ་འཚམས་འདྲིར་བསྐྱོད་དེ། དེར་ཚོང་ལས་དཔོན་རིགས་ཀྱི་ལྷན་དུ་གྲོས་མོལ་གྱི་འཆར་གཞི་དང༌། རེས་གཟའ་པ་སངས་ཉིན་འཚམས་འདྲི་མཇུག་སྒྲིལ་གྱི་ཡོད་པ་རེད། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་ད་རེས་སྲིད་འཛིན་ཧུ་ཇིན་ཐའོ་ཡི་ཨ་རིའི་འཚམས་འདྲི་དེ་ཡིས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་བཟང་ཕྱོགས་དང་མཉམ་ལས་གོང་འཕེལ་ཡོང་བའི་རེ་བ་དང། དུས་རབས་གསར་པ་དེའི་ནང་ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་ཐོག་ལ་ཁ་ཕྱོགས་གསར་པ་ཞིག་འཆར་འགོད་བྱ་ཐུབ་པ་དང༌། མཉམ་འབྲེལ་གྱི་ལས་དོན་ནི་གནས་རིམ་གསར་པ་ཞིག་ཐོག་ནས་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎