ཁམས་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ལས་འགུལ་ཆེར་བཏང་བ།

ཁམས་འཇོ་མདའ་ཁུལ་དུ་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

2009.06.15

༄༅༎བོད་ཀྱི་ཁམས་འཇོ་མདའ་ཁུལ་དུ་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བཙན་བྱོལ་དུ་ཡོད་པའི་ཁམས་འཇོ་མདའ་ས་ཁུལ་གྱི་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་དོན་ལྟར་ན་རྒྱ་ནག་གི་ལོ་ངོ་གསུམ་གྱི་གོང་དུ་བོད་ཀྱི་སྡེ་དགེ་འཇོ་མདའ་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དེ་ས་ཁུལ་དུ་ཡོད་པའི་བོད་པའི་ནང་དགོན་ནང་སྤེལ་བཞིན་པ་ཡིན་པ་དང་རྒྱ་ནག་གིས་དབུ་ཚུགས་བཙན་ཤེད་བྱེད་མིན་ལ་མ་ལྟོས་པར་དགོན་པ་ཁག་གི་དགེ་འདུན་པ་རྣམས་ཀྱིས་ངོས་ལེན་གནང་གི་མེད་ཅིང་དགེ་འདུན་པ་རྣམས་ཀྱིས་ངོས་ལེན་མ་གནང་བའི་སྐབས་རྒྱ་ནག་གི་ལས་བྱེད་རྣམས་ཀྱིས་འཇིགས་བསྐུལ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ཡོད་ཀྱང་རྒྱ་ནག་གི་འདོད་པ་ལྟར་ལས་འགུལ་ལ་བོད་རིགས་རྣམས་ཀྱིས་ངོས་ལེན་གནང་གི་མེད་པ་རེད་འདུག ཉེ་བའི་ཆར་སྡེ་དགེ་འཇོ་མདའ་རྫོང་གི་ཁྱབ་ཁོངས་སུ་གནས་པའི་ནང་པའི་དགོན་པའི་ནང་ལས་འགུལ་དེ་ཤུགས་ཆེ་རུ་གཏོང་འགོ་བཙུགས་ཡོད་པ་རེད་འདུག

ད་ལྟ་གོང་དུ་ཁམས་འཇོ་མདའ་ནས་ཡིན་པའི་མཚན་འདོན་གནང་འདོད་མེད་པའི་མི་སྣ་དེ་ཉིད་ཀྱིས་མུ་མཐུད་ནས་གསུངས་དོན་ལ་ཟླ་བ་འདིའི་ཚེས་བཅུ་གསུམ་ཉིན་ཁམས་འཇོ་མདའ་རྫོང་གི་གཏེར་བཏོན་ས་གནས་སུ་ཡོད་པའི་གནས་མདོ་དགོན་པ་སོགས་ཀྱི་དགེ་འདུན་པ་བདུན་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ངོས་ལེན་མ་གནང་བའི་རྒྱུ་མཚན་གྱིས་འཛིན་བཟུང་བྱས་ཡོད་ཀྱང་ས་གནས་བོད་རིགས་སུམ་བརྒྱ་ལྷག་ཙམ་གྱིས་སྐད་འབོད་ངོ་རྒོལ་གྱི་གནོན་ཤུགས་འོག་གློད་བཀྲོལ་བཏང་ཡོད་ཀྱང་ཉིན་ལྔའི་རྗེས་སུ་མུ་མཐུད་ནས་ཞིབ་འཇུག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎