བོད་མིའི་ཆིག་བསྒྲིལ་ནུས་པ་རྒྱ་ཆེ་རུ་ཕྱིན་པའི་དཔྱད་ཞིབ།

བོད་ནང་རྒྱ་ནག་གཞུང་ནས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་བཏང་བ་དེས་བོད་མིའི་ཆིག་བསྒྲིལ་ནུས་པ་རྒྱ་ཆེ་རུ་འགྲོ་གི་ཡོད་པའི་དཔྱད་ཞིབ་བྱས་འདུག

2008.10.28

༄༅༎ད་ནེ་ཤེ་ནལ་ཞེས་པའི་གསར་ཤོག་ནང་པོལ་མུ་ནེའི་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་བོད་ནང་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་ནས་བོད་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱས་པ་དེས་བོད་མི་ཚོ་ཆིག་བསྒྲིལ་བྱེད་རྒྱུའི་འདུན་པ་ཤུགས་ཆེ་རུ་ཕྱིན་པ་དང་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ཐོག་དོ་སྣང་ཆེ་རུ་ཕྱིན་ཡོད་པ་དེ་ཡང་རྩོམ་པ་པོ་འོད་ཟེར་ལགས་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་ལྷ་སར་བསྐྱོད་པའི་སྐབས་དེ་སྔ་དང་མི་འདྲ་བའི་བོད་མི་སྤྱི་དང་ལྷག་པར་དུ་ཞིང་པ་དང་མི་མང་དཀྱུས་མ་ཚོའི་སེམས་ནང་རྒྱལ་ཞེན་གྱི་ཚོར་སྣང་ཧ་ཅང་ཤུགས་ཆེན་པོ་ཡོད་པ་མཐོང་དུས་ཧ་ལས་དགོས་པ་ཞིག་བྱུང་ཞེས་གསུངས་ཡོད་པ་དང་དེ་བཞིན་ཕྱི་རྒྱལ་ལ་བཞུགས་མཁན་བོད་དོན་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནས་དེ་སྔ་བོད་རིགས་ཡིན་པ་གང་ཞིག་ལ་བོད་མིའི་གོམས་གཤིས་དེ་ཙམ་ཤུགས་ཆེན་པོ་མེད་སའི་ས་ཁུལ་དུ་གནས་པའི་བོད་རིགས་ཚོས་ཀྱང་ཉེ་ཆར་བོད་ནང་གི་གནས་ཚུལ་དེའི་སྐབས་སོ་སོའི་མི་རིགས་ཀྱི་ཚོར་སྣང་དེ་ཤུགས་ཆེ་རུ་ཕྱིན་པ་དང་དེ་སྔ་བོད་ཀྱི་རྒྱལ་དར་རྩ་བ་ནས་མཐོང་མ་མྱོང་མཁན་ཚོས་ཀྱང་བོད་ཀྱི་རྒྱལ་དར་འཁྱེར་ནས་ངོ་རྒོལ་བྱས་པ་སོགས་གང་ལྟར་བོད་འདི་རྒྱ་མིའི་ཆ་ཤས་མིན་པའི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་བཅས་གང་ལྟར་རྒྱ་ནག་སྟོབས་ཆེ་ལོས་ནས་བྱས་པ་ཡིན་ན་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་ཡིན་ནའང་ང་ཚོའི་འཐབ་རྩོད་དེ་མུ་མཐུད་ནས་བྱེད་དགོས་རྒྱུ་གལ་ཆེནཔོ་རེད་ཅེས་དཔྱད་ཞིབ་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎