རྒྱ་ནག་གི་དྲ་གནས་ཐོག་སྲིད་འཛིན་ཨོ་སྦ་མར་དྲི་བ་མང་པོ་ཕུལ་བ།

ཨ་མེ་རི་ཀའི་སྲིད་འཛིན་ལ་རྒྱ་ནག་གི་མི་མང་ཚོས་དྲ་རྒྱའི་ཐོག་སྲིད་འཛིན་གྱི་ཆང་སའི་སྐོར་དང་བོད་སྐོར་དྲི་བ་མང་ཤོས་བཏང་ཡོད་འདུག

2009.11.15

༄༅༎ཨ་མེ་རི་ཀའི་སྲིད་འཛིན་རྒྱ་ནག་ནང་མ་ཕེབས་གོང་རྒྱ་ནག་གི་མི་མང་ཚོས་དྲ་རྒྱའི་ཐོག་སྲིད་འཛིན་གྱི་ཆང་སའི་སྐོར་དང་བོད་སྐོར་ཡིན་དྲི་བ་མང་ཤོས་བཏང་ཡོད་སྟོན་འདུག

རེས་གཟའ་ཟླ་བའི་ཕྱི་དྲོ་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ནང་ཐོག་མར་ཧྲང་ཧྲད་ནང་ཕེབས་སྐབས་མང་ཚོགས་དང་མཇལ་འཕྲད་སྐབས་ཕུལ་རྒྱུའི་དྲི་བ་གཞུང་འབྲེལ་ཤིང་ཧྭ་གསར་ལས་ཁང་གི་བསྡུ་རུབ་བྱེད་བཞིན་པ་རེད། དྲི་བ་དེ་དག་ནས་ཁག་ཅིག་ལ་སྲིད་འཛིན་གྱི་ལེན་འདེབས་གནང་རྩིས་ཡོད་ལུགས་ཨ་རིའི་གཞུང་ཚབ་ཀྱི་མགྲིན་ཚབ་པ་སུ་སན་སི་ཊི་ལྦེན་སེན་གྱིས་ཨེ་པི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག དྲ་རྒྱའི་དྲི་བ་མང་པོའི་ནང་ཨ་མེ་རི་ཀས་ཐེ་ལྦན་དང་ཤར་ཏུར་ཀི་སྟན་དང་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་སྐྱོན་བརྗོད་བྱས་ཡོད་འདུག འདྲི་བ་གཅིག་ནང་གལ་སྲིད་རྒྱ་ནག་གིས་ཨལ་ཁེ་ཌའི་འགོ་ཁྲིད་ཨོ་ས་མ་སྦིན་ལ་རྡིན་ལ་ཨ་མེ་རི་ཀས་ཏཱ་ལའི་བླ་མ་རྒྱབ་སྐྱོར་བྱས་པ་ནང་བཞིན་བྱས་པ་ཡིན་ན་དེར་ཁྱེད་རང་གི་ལེན་འདེབས་ག་འདྲ་ཞིག་གནང་གི་རེད་བཀོད་ཡོད་འདུག འདྲི་བ་གཅིག་ནང་ཨ་རིའི་སྲིད་འཛིན་སྲིད་མང་ཆེ་བར་བོུ་མ་གཏོགས་བུ་མ་འདུག་པས་དེའི་རྒྱུ་མཚན་ཇི་ཡིན་དང་ཡང་གཅིག་གིས་སྲིད་འཛིན་ཁྱེད་རང་གིས་ཨ་རིའི་སྲིལ་སྤེལ་གྱི་འགན་འཛིན་ལྷན་ཚོགས་ལ་བཀའ་བརྒྱ་བཏང་ནས་ཡའོ་མིང་དང་ཧུསེ་ཊོན་རོག་ཀེཊེ་ལ་རྒྱལ་ཁ་ཐོབ་བཟོ་ཐུབ་ཀྱི་རེད་པས་ཟེར་བ་སོགས་དྲི་བ་སྣ་མིན་སྣ་ཚོགས་ཡོད་འདུག ཡང་གཅིག་གིས་སྲིད་འཛིན་དང་སྐུ་ཟླ་མི་ཤེལ་རྣམ་གཉིས་ཆམ་པོ་ཡོད་མེད་དང་ཟ་ཚང་ཆམ་མཐུན་གྱི་གཞི་རྩ་ཇི་ཡིན་འདྲིས་ཡོད་འདུག ཡང་གཅིག་གིས་ཨ་མེ་རི་ཀའི་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཡོད་མེད་དང་གལ་སྲིད་ཡོད་ན་དཀའ་རྙོག་དེ་རིགས་ཡོད་ནས་སེལ་ཐབས་ག་རེ་གནང་ཡོད་མེད་འདྲིས་ཡོད་འདུག དྲི་བ་དེ་དག་གཞུང་གིས་བསྡུ་རུབ་བྱས་ཡོད་ཀྱང་མང་པོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་འདྲི་བ་ཡང་མང་པོ་ཡོད་འདུག དཔེར་ན་གཅིག་གིས་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་པའི་གཏམ་བརྗོད་རང་དབང་སྐོར་དགོངས་ཚུལ་ཇི་ཡོད་འདྲིས་ཡོད་འདུག རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཡུལ་མི་ས་ཡ་༣༣༠ཡོད་པ་དེ་ནི་འཛམ་གླིང་ནང་མང་ཤོས་ཡིན་པར་བརྟེན་ཨ་རིའི་གཞུང་ཚབ་ཀྱིས་རེས་གཟའ་ཕུར་བུའི་ཉིན་དྲ་རྒྱའི་ཐོག་ཟིན་བྲིས་བྱེད་མཁན་ཁག་ཅིག་དང་ཚོགས་འདུ་ཞིག་ཀྱང་གོ་སྒྲིག་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎