རྒྱ་ནག་ལ་རྩེད་འགྲན་ཚོགས་པ་དེས་རྒྱ་ནག་ཡར་རྒྱས་ཕྱིན་ལུགས།

རྒྱ་ནག་ལ་རྩེད་འགྲན་ཚོགས་པ་དེས་རྒྱ་ནག་ནང་ཡར་རྒྱས་ཕྱིན་པའི་གནས་སྟངས་གསལ་པོ་བཏོན་ཐུབ་པ་ཞིག་བྱུང་ཡོད་ལུགས་གསུངས་འདུག

2008.08.14

༄༅༎རྒྱ་ནག་གཞུང་ནས། རྒྱ་ནག་ལ་རྩེད་འགྲན་ཚོགས་པ་དེས་རྒྱ་ནག་ནང་ཡར་རྒྱས་ཕྱིན་པའི་གནས་སྟངས་གསལ་པོ་བཏོན་ཐུབ་པ་ཞིག་བྱུང་ཡོད་ལུགས་གསུངས་འདུག

པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚུགས་ནས་ཉེན་མ་འགའ་ཤས་ཕྱིན་པའི་བརྒྱུད་རིམ་ནང་གསར་འགོད་རང་དབང་ལ་དམ་བསྒྲགས་བྱས་པ་སོགས་ཀྱི་གནས་ཚུལ་ཡང་སེ་བྱུང་ཡོད་པ་དང་ ལྷག་པར་དུ་ཁ་ས་བོད་དོན་ལས་འགུལ་སྤེལ་བའི་སྐབས་དབྱིན་ཇིའི་གསར་འགོད་པར་རྒྱ་མིའི་ཉེན་རྟོག་པས་སྟངས་འཛིན་བྱེད་ཕྱོགས་སོགས་ཀྱི་ཐོག་རྙོག་དྲ་བྱུང་ཡོད་པ་བཅས་ལ་བརྟེན་དེས་རྒྱ་ནག་གཞུང་དང༌། ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གཉིས་ངོ་ཚ་ཁ་སྐྱེངས་ཆགས་ཡོད་མེད་སོགས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་འདིའི་སྐོར་གླེང་སློང་བྱས་པའི་སྐབས། རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་སྤྱི་ཁྱབ་གཞོན་པ་ ལྦང་ལྦེས། ཐོག་མར་རྒྱ་ནག་ནས་ཨོ་ལིམ་པིག་རྩེད་འགྲན་ཚོགས་རྒྱུར་འགྲན་རྩོད་བྱེད་པའི་སྐབས་སུ་གུས་རང་ཚོགས་ཆུང་དེའི་དྲུང་ཆེ་ཡིན། སྐབས་དེ་དུས་ཀྱང་རྒྱ་ནག་ལ་མགྲོན་བདག་སྤྲད་པ་ཡིན་ན་དེས་རྒྱ་ནག་ནང་བཅོས་བསྒྱུར་འགོ་གི་ཡོད་མེད་སྐོར་འདྲི་བ་མང་པོ་བཏང་མཁན་བྱུང་ལ་སྐབས་དེར་ཡང་རྒྱ་ནག་ནང་བཅོས་བསྒྱུར་ཡོང་གི་རེད་ཅེས་བཤད་ཡོད་པ་ལས་དེས་ཆ་ཚང་འགྱུར་བ་འགྲོ་གི་རེད་ཅེས་བཤད་མེད། དེ་འདྲ་ཡིན་དུས་ད་ལྟའི་ཆར་རྒྱ་ནག་མི་མང་ས་ཡ་མང་པོའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་རེད། ཡིན་ནའང་རྒྱལ་ཁབ་གཞན་ལ་ཡོད་པ་ནང་བཞིན་འགའ་ཤས་གཏན་གཏན་འཐུས་ཀ་མ་ཚང་བ་ཡོང་གི་ཡོད་རེད། དེ་ནི་དངོས་ཡོད་གནས་ཚུལ་རེད། དེ་འདྲ་ཡིན་དུས་ད་ཆ་གནས་ཚུལ་ཆུང་ཙག་རིགས་ལུང་འདྲེན་བྱས་ནས་རྒྱ་ནག་གཞུང་ནས་མགྲོན་བདག་བྱས་པའི་སྐབས་ཁས་ལེན་བྱས་པ་ནང་བཞིན་ཡོང་གི་མི་འདུག་ཟེར་ཡག་དེ་དངོས་ཡོད་གནས་སྟངས་དང་མི་འཚམས་པ་ཞིག་རེད་ཅེས་ལན་རྒྱབ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎