གནམ་བདེ་སྒོ་མོ་ཆེའི་ལས་འགུལ་ལ་བསྐྱར་ཞིབ་དགོས་འདུག

དེ་སྔ་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་ཐོག་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད་པ་ཚོའི་གྱོད་དོན་ཐོག་བསྐྱར་ཞིབ་བྱེད་དགོས།

2009.02.27

༄༅༎པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སྐྱེས་མའི་ཚོགས་པས་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༨༩འི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་སྟེ་སློབ་ཕྲུག་མང་པོའི་ཚེ་སྲོག་ཤོར་ཡོད་པ་ཚོའི་གྱོད་དོན་ཐོག་གཞུང་ཕྱོགས་ནས་བསྐྱར་དུ་ཞིབ་འཇུག་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད།

༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་ནང་ཚེ་སྲོག་ཤོར་བའི་ཕ་མ་ཚོས་སྒྲིག་འཛུགས་བྱས་པའི་གནམ་བདེ་སྒོ་མོ་ཆེའི་སྐྱེས་མའི་ཚོགས་པ་དེས་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེ་བྱུང་ནས་ལོ་ངོ་ཉི་ཤུ་ཟིན་གྲབས་ཡོད་པའི་དུས་དེར་རྒྱ་ནག་གཞུང་གིས་ལོ་ངོ་ཉི་ཤུའི་གོང་གི་དམངས་གཙོའི་ལས་འགུལ་དེའི་ཐོག་གཞུང་གི་དྲག་གནོན་བྱས་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད་ན་ཡ་ང་རྒྱ་ནག་གཞུང་གིས་ད་བར་ཚེ་སྲོག་ཤོར་བའི་མིའི་ཐོ་གཞུང་ཁ་གསལ་བཏོན་མྱོང་མེད་པར་བརྟེན་དེའི་སྐབས་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་དང་མིང་སོགས་ཕྱིར་བཏོན་བྱ་དགོས་པ་མ་ཟད་ཁོང་ཚོའི་ནང་མི་ཚོར་གྱོང་གུན་ཁ་གསབ་བྱ་དགོས་པ་དང་དོན་རྐྱེན་དེ་དང་འབྲེལ་བ་ཡོད་མི་ཚོའི་འགན་འཁྲི་རྩད་གཅོད་བྱ་དགོས་པའི་འབོད་སྐུལ་གྱི་ཡོངས་ཁྱབ་ཡི་གེ་ཕྱིར་བསྒྲགས་གནང་ཡོད་པ་རེད།

གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སྐྱེས་མོའི་ཚོགས་པ་དེས་རྒྱ་ནག་གཞུང་ལ་འབོད་སྐུལ་གྱི་ཡིངས་ཁྱབ་ཡི་གེ་དེའི་ནང་༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་དེའི་ཐོག་རྒྱ་ནག་གཞུང་གིས་ལྕགས་ཁྲབ་འཁོར་ལོ་དང་དམག་དཔུང་བཏང་ནས་དྲག་གནོན་བྱས་པའི་དངོས་ཡོད་ཀྱི་རྒྱབ་ལྗོངས་གནས་ཚུལ་ཕྱིར་བསྒྲགས་བྱ་དགོས་པའི་སྐོར་དང་དེ་བཞིན་འདས་པའི་ལོ་ངོ་ཉི་ཤུའི་ནང་རྒྱ་ནག་གཞུང་གིས་སྤྱི་འབངས་ཚོར་དྲུག་བཞིའི་དོན་རྐྱེན་དེའི་སྐོར་གླེང་སློང་བྱེད་མི་ཆོག་པ་མ་ཟད་གསར་འགྱུར་བརྒྱུད་ལམ་ཁག་ལ་ཡང་གནས་ཚུལ་དེའི་སྐོར་སྤེལ་རྒྱུར་བཀག་སྡོམ་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎