རྒྱ་ནག་ཆབ་སྲིད་ཅུད་ནང་བོད་སྐོར་ལྷན་ཚོགས་བྱས་སྐོར།

རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་གནད་དོན་ཐོག་གྲོས་མོལ་ལྷན་ཚོགས་ཤིག་ཚུགས་ཡོད་འདུག་

2010.01.08

༄༅༎རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་གནད་དོན་ཐོག་གྲོས་མོལ་ལྷན་ཚོགས་ཤིག་ཚུགས་ཡོད་འདུག་

རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་གཟའ་པ་སངས་ཉིན་པེ་ཅིན་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཚུགས་ནས་བོད་ནང་དུས་ཡུན་རིང་པོའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་གནད་དོན་ཐོག་གྲོས་མོལ་བྱས་ཡོད་ཅིང་ལྷན་ཚོགས་དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡིས་གཙོ་སྐྱོངས་གནང་ཡོད་པ་རེད་ ལྷན་ཚོགས་དེའི་སྙིང་དོན་གཙོ་བོ་ནི་བོད་ནང་ཁྱོན་ཡོངས་ནས་དཔལ་འབྱོར་འཕེལ་རྒྱས་དང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་གཞི་རྩའི་ཁེ་ཕན་དང་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་ལུགས་དང་བོད་ནང་དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་ནས་མི་རིགས་མཐུན་སྒྲིལ་དང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་གྱི་འོག  བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་ལས་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ལྷན་ཚོགས་ཐོག་ནན་བརྗོད་བྱས་ཡོད་པ་རེད་ ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་ཆེ་བའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་རྗེས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་བོད་མི་ཚོའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་པ་དང་ཕྱོགས་གཞན་ཞིག་ནས་བོད་ནང་གི་ལས་བྱེད་ཚོར་གོ་གནས་དང་གླ་ཆ་སོགས་སྤར་ནས་བླུ་ཐབས་ཀྱི་སྲིད་བྱུས་ཤིག་ཡང་འཛིན་བཞིན་པའི་ཐོག་ བོད་ཀྱི་ས་ཁུལ་ཁག་ནང་འཛུགས་སྐྲུན་ལས་གཞི་ཁག་སྤེལ་ནས་ཕྱི་ཕྱོགས་སུ་བོད་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་གཏོང་གི་ཡོད་ལུགས་ཀྱི་དྲིལ་བསྒྲགས་ཡང་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎