བོད་ནས་བྲོས་བྱོལ་ཡོང་མཁན་གྱི་བདེ་འཇཌ་ལ་བློ་འཚབ།

ཀཐ་མན་དྲུའི་བཙོན་ཁང་ནང་ཡོད་པའི་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་ལ་ཡོང་མཁན་བོད་མི་༢༣གྱི་བདེ་འཇགས་གནས་སྟངས་ཐད་བློ་འཚབ།

2011.09.21

༄༅༎བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་རྟོག་ཞིབ་གནང་མཁན་དང་ཕྱི་རྒྱལ་གཞུང་ཚབ་དཔོན་རིགས་ཚོས་ ཀཐ་མན་དྲུའི་བཙོན་ཁང་ནང་ཡོད་པའི་བོད་ནས་བལ་ཡུལ་བརྒྱུད་བྲོས་བྱོལ་ལ་ཡོང་མཁན་བོད་མི་༢༣གྱི་བདེ་འཇགས་གནས་སྟངས་ཐད་བློ་འཚབ་གནང་བཞིན་འདུག།
གོང་ཞུས་བོད་མི་༢༣དེ་རྣམས་བོད་ནས་བལ་ཡུལ་ས་མཚམས་བརྒྱུད་བྲོས་བྱོལ་དུ་ཡོང་སྐབས་བལ་པོའི་ཉེན་རྟོག་པས་ཟླ་བ་འདིའི་ཚེས་༡༡ནས་༡༣བར་འཛིན་བཟུང་བྱས་ཏེ། རྒྱལ་ས་ཀཐ་མན་དྲུའི་ནང་གི་ བལ་ཡུལ་ཕྱི་མི་གཞིས་སྤོས་ལས་ཁང་ལ་རྩིས་སྤྲོད་བྱས་ཡོད་པ་རེད། ད་ཆ་བོད་མི་དེ་རྣམས་ བལ་ཡུལ་ཕྱི་མི་གཞིས་སྤོས་ལས་ཁང་གི་བཀག་སྐྱིལ་ཁང་དུ་བཞག་ནས་། བོད་མི་བྲོས་བྱོལ་བ་ཚོ་བལ་ཡུལ་ས་མཚམས་སུ་འབྱོར་མ་ཐག་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་ལ་ཀ་ཀོར་མེད་པར་རྩིས་སྤྲོད་བྱེད་དགོས་ཀྱི་ཡོད་པའི་རྒྱུན་ལྡན་
ལམ་སྲོལ་ལ་འགོག་རྐྱེན་བཟོས་ཡོད་པ་རེད།
བོད་མི་སྐྱབས་བཅོལ་བ་༢༣དེ་རྣམས་ཚོ་ཁག་གཉིས་བྱས་ནས་བྲོས་བྱོལ་དུ་འབྱོར་ཡོད་པ་དང༌། ཟླ་བ་འདིའི་ཚེས་༡༡ཉིན་བོད་མི་༢༠ཐམ་པས་བལ་བོད་ས་མཚམས་ཧུམ་ལ་བརྒལ་རྗེས་ བལ་ཡུལ་ནུབ་ཕྱོགས་སྦ་ཇུ་ར་ས་གནས་སུ་འཛིན་བཟུང་བྱས་ནས་རྒྱལ་ས་ ཀཐ་མན་དྲུའི་ནང་གི་བལ་ཡུལ་ཕྱི་མི་གཞིས་སྤོས་ལས་ཁུངས་ལ་ཁྲིད་བཞག། དེ་རྗེས་ཟླ་བ་འདིའི་ཚེས་༡༣ཉིན་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་གསུམ་བསྐྱར་དུ་བལ་ཡུལ་ས་མཚམས་སྦ་ར་སྦི་སེ་ནང་འཛིན་བཟུང་གིས་རྒྱལ་ས་ཀཐ་མན་དྲུར་འཁྲིད་ཡོད་པ་རེད།  སྐྱབས་བཅོལ་བ་༢༣ནང་ནས་༡༨སྐྱེས་པ་ཡིན་པ་དང་བུད་མེད་༥ཡོད་པའི་ཁོངས་ནས་ ལོ་༤༠ཞེ་གྲངས་བྱས་པ་གཉིས་དང༌། ལོ་༡༨ནས་༢༨བར་མི་༡༣། དེ་བཞིན་ལོ་༡༣ནས་༡༧བར་ལོ་ཆུང་ན་གཞོན་༨ཡོད་པ་རེད།
བལ་ཡུལ་གྱི་འབྲེལ་ཡོད་དཔོན་རིགས་ཚོས་གསུང་ཡག་ལ། བོད་མི་བྲོས་བྱོལ་བ་དེ་ཚོའི་གནད་དོན་སྐོར་བལ་ཡུལ་གཞུང་གི་མཐོ་རིམ་ལས་ཁང་ཁག་གིས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང༌། བལ་ཡུལ་གྱི་སྲིད་བློན་སྦ་སྦུ་རམ་བ་ཊ་རའེ་མཆོག་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་སྦྲེལོ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐེངས་༦༦པའི་ཐོག་ཕེབས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎