སོལ་དུ་ཡོད་པའི་ཉི་ཧོང་གཞུང་ཚབ་ཐོག་གཏོར་རྒོལ།
2012.01.08
༄༅༎ཕྱི་ཟླ་༡ཚེས་༨ཉིན་ལྷོ་ཀོ་རི་ཡའི་ཉེན་རྟོག་པས་གསུངས་ན། རྒྱ་མི་ཞིག་གིས་ལྷོ་ཀོ་རི་ཡའི་ནང་དུ་ཡོད་པའི་ཉི་ཧོང་གི་གཞུང་ཚབ་ཁང་ཐོག་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་ད་ལྟ་མི་དེ་ལྷོ་ཀོ་རི་ཡའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་གསུངས་ཡོད་པ་རེད།
ལོ་ན་༣༨ ཡིན་པའི་རྒྱ་མི་ཞིག་གིས་དེ་རིང་རེས་གཟའ་ཉི་མའི་སྔ་དྲོ་ཉི་ཧོང་གི་གཞུང་ཚབ་ཐོག་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་ཏེ་གཞུང་ཚབ་ཁང་གི་གྱང་ལྡེབས་མེ་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་དང༌། མི་དེ་ནི་རྒྱ་ནག་གི་ལྷོ་ཕྱོགས་Guangzhou གྲོང་ཁྱེར་ནས་ཡིན་ཞིང༌། ཉེ་ཆར་ཕྱི་ཟླ་༡༢ པའི་ནང་ཡུལ་སྐོར་སྤྲོ་ཆམ་པའི་ཐོངས་མཆན་ལག་འཁྱེར་ཞུས་ཏེ། ཉི་ཧོང་བརྒྱུད་དེ་ལྷོ་ཀོ་རི་ཡར་འཛུལ་བ་ཡིན་པའི་སྐོར་ལྷོ་ཀོ་རི་ཡའི་རྒྱལ་ས་Seoul ཡི་ཉེན་རྟོག་པས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།།