རྒྱ་གཞུང་གིས་བོད་ཤར་ཕྱོཌ་ས་ཁུལ་ཁག་ཏུ་དམ་བསྒྲཌ་བྱེད་པ།
2009.02.23
༄༅༎རོའི་ཀྲར་གསར་སྤེལ་ཁང་གིས་དར་རྩེ་མདོ་ནས་གནས་ཚུལ་སྤེལ་དོན་ལྟར་ན་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་གྲོང་ཁྱེར་ཡིན་པ་དང་ད་ལྟ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཡིན་པའི་ནང་བོད་མི་མང་པོ་གནས་སྡོད་བྱེད་བཞིན་པ་ཡིན་པ་དང་རྒྱ་ནག་གིས་གྲོང་ཁྱེར་དེའི་མཐའ་མཚམས་སུ་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མིའི་དམག་སྒར་ཆེན་པོ་ཞིག་གསར་བཙུགས་བྱས་པའི་ནང་ཉེན་རྟོག་དམག་མི་འབོར་ཆེན་བསྡུ་རུབ་བྱས་ཡོད་པ་མ་ཟད་གྲོང་ཁྱེར་ནང་ཉེན་རྟོག་དམག་མིའི་སྣུམ་འཁོར་མང་པོས་བསྐོར་བསྐྱོད་བྱས་ནས་དམ་བསྒྲགས་ཀྱི་རྣམ་པ་ཤུགས་ཆེ་ཡོད་པའི་གནས་ཚུལ་བཀོད་གནང་འདུག
རྒྱ་ནག་གིས་དམ་བསྒྲགས་ཤུགས་ཆེ་བྱེད་དགོས་པའི་རྒྱུ་མཚན་ནི་བོད་མི་རྣམས་ཀྱིས་རང་དབང་སྒེར་ལངས་བྱས་རྗེས་༸གོང་ས་མཆོག་དབུས་པའི་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ལྔ་བཅུ་དང་ལྷག་དོན་དུ་ན་ནིང་ལོར་བོད་ཀྱི་རྒྱལ་ས་གཙོས་པའི་བོད་མདོ་དབུས་ཁམས་གསུམ་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་ནས་ལོ་ངོ་གཅིག་འཁོར་གྱི་ཡོད་པའི་དུས་མཚམས་སུ་རྒྱ་ནག་གིས་བོད་མིའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྲིད་པའི་དོགས་གཞིའི་འོག་དམ་བསྒྲགས་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག
དར་རྩེ་མདོའི་ནུབ་ཕྱོགས་སུ་གནས་པའི་བོད་ཀྱི་ཁམས་ས་ཁུལ་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་ལྷག་དོན་དུ་ཉེ་བའི་ཆར་ལ་ལི་ཐང་དང་དཀར་མཛེས་མི་ཉག་རྟའོ་སྡེ་དགོན་པའི་ནང་ངོ་རྒོལ་གྱི་གནས་ཚུལ་བྱུང་ཡོད་ནའང་དར་རྩེ་མདོ་རུ་གནས་པའི་བོད་རིགས་ཚེ་རིང་གྲགས་པ་ཞུས་པ་ཞིག་གིས་གསར་འགོད་པར་དར་རྩེ་མདོ་ནི་སྤྱི་ཚོགས་བདེ་འཇགས་ཡོད་པའི་ས་ཁུལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དུས་ངོ་རྒོལ་སོགས་ཀྱི་དོན་རྐྱེན་ཡོང་རྒྱུ་ཁག་པོ་ཡིན་པའི་ལན་འདེབས་གནང་བ་བཅས་ཀྱི་གནས་ཚུལ་ཐོན་འདུག།