རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་འཛིན་བཟུང་།

རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མིའི་དུས་དྲན་མ་ཟིན་གོང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་འཛིན་བཟུང་བྱས་ཡོད་པ།

2008.12.06

༄༅༎རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་དུས་དྲན་མ་ཟིན་གོང་རྒྱ་ནག་གི་ལྷོ་ནུབ་ཀུད་ཡང་ས་གནས་ནས་གཞུང་གི་ཉེན་རྟོག་པས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གཉིས་འཛིན་བཟུང་བྱས་ཡོད་པ་དང་དེ་མིན་མི་གྲངས་གཉིས་གར་སོང་ཆ་མེད་དུ་གྱུར་ནས་དགའ་ཉེ་སྤུན་མཆེད་ཚོས་འཚོལ་ཞིབ་བྱེད་བཞིན་ཡོད་པའི་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འགྲེལ་བརྗོད་བྱས་འདུག

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཀྲང་ཇུན་གྱི་བཟའ་ཟླས་ཁ་པར་ཐོག་ནས་ཕ་རན་ས྄་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་བྱས་པར་ཞིགས་ན་གཟའ་ཕུར་བུའི་ཉིན་ཁོ་མོར་རྒྱ་ནག་བདེ་འཇགས་ལས་ཁང་གི་མིས་ཁ་པར་བཏང་སྟེ་ཁོང་གི་བཟའ་ཟླ་རྒྱ་ནག་བདེ་འཇགས་ལས་ཁང་གི་མི་སྣ་ཚོས་བཀག་ཉར་བྱེད་བཞིན་ཡོད་པའི་སྐོར་བརྗོད་ཡོད་པ་དང་ཡིན་ན་ཡང་ཁོང་གི་བཟའ་ཟླ་ཀྲང་ཇུན་ས་ཆ་ག་པར་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང་ཀྲང་ཇུན་འཛིན་བཟུང་བྱས་དགོས་པའི་དགོས་དོན་དེ་ཁ་སྔོན་ཁོང་དང་དེ་མིན་ཕྱག་རོགས་གསུམ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིགས་གནང་བ་དེ་མཚམས་འཇོག་ཡོང་རྒྱུའི་ཆེད་དུ་ཡིན་པ་གསུངས་འདུག

ཡང་གང་སོང་ཆ་མེད་དུ་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བུའུ་ཡུའུ་ཇིན་གྱི་བཟའ་ཟླས་གསུངས་ན་ཁོང་གི་བཟའ་ཟླ་བུའུ་ཡུའུ་ཇིན་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་ཉིན་ཀུད་ཡང་གི་རང་ཁྱིམ་ནས་ཕྱིར་ཐོན་པའི་རྗེས་གར་སོང་ཆ་མེད་དུ་གྱུར་བ་དང་ཁོང་ཡང་ཕལ་ཆེར་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པར་དོགས་གཞི་གནང་གི་ཡོད་པའི་སྐོར་ཕ་རན་སིའི་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎