རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་བལ་ཡུལ་དུ་ཕེབས་འབྱོར་གནང་བ།

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་སྣེ་ཁྲིད་པའི་དོན་གཅོད་ཚོགས་མི་བཅུ་ཡོད་པའི་ཚོགས་པ་ཞིག་བལ་ཡུལ་དུ་ཕེབས་འབྱོར་གནང་ཡོད་པ་རེད།

2008.12.02

༄༅༎ཉེ་ཆར་བལ་ཡུལ་ནང་ཁྱིམ་མཚེས་ཡུལ་གྲུ་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་པར་ནབ་མུ་ཁར་ཇི་ཡིས་གཟིགས་བསྐོར་གྲུབ་མཚམས་སུ་ད་རེས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཡང་ཇེ་ཁྲེ་ཡིས་སྣེ་ཁྲིད་པའི་དོན་གཅོད་ཚོགས་མི་བཅུ་ཡོད་པའི་ཚོགས་པ་ཞིག་བལ་ཡུལ་གྱི་ནང་ཉིན་གྲངས་གསུམ་གྱི་རིང་གཟིགས་བསྐོར་གནང་བར་རེས་གཟའ་མིག་དམར་ཉིན་ཕེབས་འབྱོར་གནང་ཡོད་པ་རེད།

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་བལ་ཡུལ་གྱི་སྲིད་བློན་པུཤི་པ་ཀ་མལ་དང་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་མཆོག་དང་རེས་གཟའ་ལྷག་པའི་ཉིན་མཇལ་འཕྲད་གནང་རྒྱུ་དང་དེ་རིང་རྒྱ་ནག་དང་བལ་ཡུལ་གྱི་དབར་ཞི་བདེ་དང་ཕན་ཚུན་མཉམ་འབྲེལ་གྱི་ལས་འགུལ་སོགས་འབྲེལ་བ་གོང་འཕེལ་དུ་གཏོང་ཕྱོགས་དང་དེ་བཞིན་སང་ལོ་བལ་ཡུལ་གྱི་སྲིད་བློན་མཆོག་རྒྱ་ནག་ལ་གཟིགས་བསྐོར་དུ་ཕེབས་རྒྱུ་སོགས་ཀྱི་བཀའ་གྲོས་གནང་ཡོད་པ་རེད། རྒྱ་ནག་གི་ཕྱོགས་ནས་ལོ་ལྟར་བལ་ཡུལ་གྱི་ནང་འཛུགས་བསྐྲུན་གཞི་ཡུལ་ཐད་རོགས་དངུལ་བལ་སྒོར་ཐེར་འབུམ་བརྒྱད་རེ་གནང་གི་ཡོད་པ་དང་དེ་བཞིན་བལ་ཡུལ་གྱི་ས་མཚམས་དང་རྒྱ་ནག་གི་ས་མཚམས་འབྲེལ་མཐུད་ཀྱི་འགྲུལ་འཁོར་གྱི་ལམ་ཆེན་འཛུགས་བསྐྲུན་བྱ་རྒྱུ་དང་གཞན་ཡང་གཞི་ཡུལ་མང་པོའི་ཐད་རྒྱ་ནག་གིས་བལ་ཡུལ་ལ་རོགས་རམ་གནང་རྒྱུའི་འཆར་གཞི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎