རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ནས་བལ་ཡུལ་སྲིད་ཇུས་ལ་བསྔགས་བརྗོད།
2011.09.25
༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ ཡྭང་ཅེ་ཆི་ཡིས་རེས་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཞོར་དུ་གྱི་སྲིད་བློན་བགྲེས་གཞོན་གཉིས་ཟུར་མཇལ་སྐབས་ བལ་ཡུལ་གྱིས་ཐེ་ཝན་དང་བོད་སོགས་ཀྱི་ཐད་རྒྱ་ནག་གཞུང་གི་སྲིད་ཇུས་ལ་རྒྱབ་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་གནང་འདུག།
རྒྱལ་ཚོགས་ནས་ཧྲིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། རེས་གཟའ་སྤེན་པའི་ཉིན་ རྒྱ་ནག་གི་ཕྱི་སྲིད་བློན་དང་བལ་ཡུལ་གྱི་སྲིད་བློན་བྭ་བྭུ་རམ་སྦ་ཏ་རའེ་དང་སྲིད་བློན་གཞོན་པ་དང་ ཕྱི་སྲིད་བློན་ཆེན་གཅིག་ལྕོག ན་ར་ཡན་ཀ་ཇི་ཤེརེསེ་ཐ་རྣམ་གཉིས་ཟུར་མཇལ་སྐབས་བལ་ཡུལ་གྱིས་ཐེ་ཝན་དང་བོད་སོགས་ཀྱི་ཐད་རྒྱ་ནག་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་གནང་འདུག། ལོ་ཤས་གོང་ནས་ཡུལ་གཉིས་དབར་མཛའ་འབྲེལ་དམ་ཟབ་ཡོད་པ་མི་རབས་རྗེས་མ་ཚོས་མཇུག་སྐྱོང་བྱེད་དགོས་པར་བརྟེན་ད་ཡོད་ཚོང་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་ དང་དེ་བཞིན་ཡུལ་མི་ཕན་ཚུན་གྱི་མཛའ་འབྲེལ་ཡོད་འབྲེལ་དེ་སོར་གནས་དགོས་གལ་ཆེན་པོ་ཡོད་ལུགས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསུངས་ཡོད་འདུག། ཡང་ཁོང་གིས་བལ་ཡུལ་གྱིས་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་ཡར་དང་བདེ་འཇགས་ཀྱི་སྲིད་ཇུས་གང་འཛིན་ཡང་དེར་རྒྱ་ནག་གིས་བརྩི་བཀུར་གནང་གི་རེད་ཅེས་གསུངས་གནང་འདུག། བལ་ཡུལ་གྱིས་སྲིད་བློན་དང་སྲིད་བློན་གཞོན་པ་རྣམ་གཉིས་ནས་ཀྱང་བལ་ཡུལ་དང་རྒྱ་ནག་གཉིས་ཕན་ཚུན་གྱིས་དགོས་འདུན་ལ་བསམ་ཤེས་ཡོད་པའི་ཁྱིམ་མཚེས་ཡིན་པའི་ཆ་ནས་བལ་ཡུལ་གྱིས་རྒྱ་ནག་དང་འབྲེལ་ལམ་གོང་མཐོར་སྤེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་ལུགས་གསུངས་གནང་འདུག།