རྒྱ་ནག་དང་པ་ཀི་སི་ཐན་གྱི་མཛའ་འབྲེལ།
2011.08.25
༄༅༎རྒྱ་ནག་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་མཇལ་འཕྲད་ཀྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་སྐོར་བཀའ་བསྡུར་གནང་ཡོད་པའི་གནས་ཚུལ་ཐོན་འདུག།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡངྒ་ཇེ་ཁྲི་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཧི་ན་ར་བྭ་ནི་ཁྭར་རྣམ་གཉིས་རེས་གཟའ་ལྷག་པའི་ཉིན་བེ་ཅིང་དུ་མཇལ་འཕྲད་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཡུལ་གཉིས་ཀྱི་མཛའ་འབྲེལ་ཧ་ཅང་དམ་ཟབ་ཡོད་པ་མ་ཟད་པ་ཀི་སི་ཐན་གྱིས་ཐའེ་ལྦན་དང་བོད། ཤར་ཏུརྐིསེ་ཐན་བཅས་ཐད་རྒྱ་ནག་གཞུང་གི་བཞེངས་ཕྱོགས་ལ་རྒྱབ་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་ རྒྱལ་ནག་གིས་པ་ཀི་སི་ཐན་གྱི་སྲུང་སྐྱོབ་དང་འཛུགས་བསྐྲུན་གྱི་ལས་དོན་ལ་རྒྱབ་བསྐྱོར་མུ་མཐུད་གནང་རྒྱུའི་ཁས་ལེན་གནང་འདུག པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་ཁྭར་ནས་ཀྱང་ཡུལ་གཉིས་ཀྱི་མཛའ་འབྲེལ་ནི་པ་ཀི་སི་ཐན་གྱི་ཕྱི་སྲིད་ཀྱི་རྐང་བ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པས་ཕན་ཚུན་གྱི་འབྲེལ་ལམ་ད་དུང་ཇེ་བཟང་དུ་འགྲོ་རྒྱུའི་ཐུགས་རེ་གནང་ཡོད་ལུགས་དང་ རྒྱ་ནག་གིས་པ་ཀི་སི་ཐན་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུར་རོགས་སྐྱོར་གནང་བཞིན་པ་དེར་བསྔགས་བརྗོད་གནང་འདུག༎