བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་པའི་རྩོམ་ཡིག

བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་གསར་པས་བོད་དེ་བཞིན་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་སྐྱོད་ཡོད་པའི་གཏམ་བཤད་བྱས་ཡོད་པ།

2011.07.25

༄༅༎བོད་ནང་རྒྱ་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་དུས་སྐབས་དེར་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་གསར་པས་བོད་དེ་བྲན་གཡོག་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལ་གྱུར་ནས་ཡར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་སྐྱོད་ཡོད་པའི་གཏམ་བཤད་བྱས་ཡོད་པ་རེད་

དེ་ཡང་བལ་ཡུལ་ནང་ཟླ་བ་སྔོན་མ་དེར་གསར་དུ་བསྐོ་གཏོང་བྱས་པའི་རྒྱ་ནག་གི་གཞུང་ཚབ་པ་དབྱང་ཧུ་ལན་ཡིས་བལ་ཡུལ་གསར་ཤོག་ཁག་ཅིག་ནང་རྩོམ་བྲིས་ཤིག་སྤེལ་བའི་ནང་རྒྱ་ནག་གི་རྒྱུན་གཏན་གྱི་དྲིལ་བསྒྲགས་ཀྱི་གཏམ་བཤད་ཁག་སྐྱར་ཟློས་བྱས་ཡོད་པ་རེད་ དེ་ཡང་རྒྱ་གུང་བྲན་ཏང་གིས་ཕྱི་ལོ་ ༡༩༥༡ ལོར་བོད་ཞི་བ་བས་བཅིངས་འགྲོལ་བཏང་བའི་རྗེས་བོད་དེ་ཁེར་རྐྱང་དང་དབུལ་ཕོངས། རྗེས་ལུས་ཀྱི་རྣམ་པའི་ཐོག་ནས་ཡར་རྒྱས་ཕུན་སུམ་ཚོགས་པ་དང་དཔལ་ཡོན་དར་རྒྱས་ཀྱི་རྣམ་པའི་ཕྱོགས་སུ་བསྐྱོད་ཡོད་སྐོར་སོགས་རྒྱ་ནག་གི་གཞུང་ཚབ་པ་དེས་བྲིས་ཡོད་པ་རེད་ ཡང་གནས་ཚུལ་ནང་བཀོད་དོན་ལ་གཞིགས་ན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་རྒྱ་ནག་གི་ལོ་ལྔ་རེའི་སྔོན་རྩིས་འཆར་གཞི་འདོན་སྤེལ་བྱས་པ་དེའི་ནང་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་བཙན་དབང་ཐོག་རང་གི་ཕ་མེས་ཀྱི་འབྲོག་ས་ཁག་ནས་གྲོང་ཁྱེར་ཁག་ནང་སྤོ་ཤུགས་བྱེད་རྒྱུའི་འཆར་གཞི་དེས་བོད་ས་མཐོའི་འཁོར་ཡུག་དེ་རྒྱུན་གནས་ཡོང་རྒྱུ་མིན་སྐོར་དང་། རྒྱ་ནག་གི་བོད་ནང་འཛུགས་བསྐྲུན་གྱི་ལས་གཞིའི་དམིགས་ཡུལ་ནི་བོད་མི་རྣམས་ནུས་མེད་ཀྱི་མི་རིགས་ཤིག་ལ་འགྱུར་རྒྱུ་དང་བོད་ཀྱི་གཏེར་དངོས་ཟངས་དང་གསེར་དངུལ་དེ་བཞིན་ཆུ་གློག་དང་རྒྱུགས་ཆུ་ཁག་རྒྱ་ནག་གི་བཟོ་གྲ་ཁག་ལ་བེད་སྤྱོད་བྱེད་རྒྱུའི་འཆར་གཞི་སྒྲིག་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་གསུང་ཡོད་པ་རེད་ ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱིས་སྤེལ་བའི་གནས་ཚུལ་དེའི་ནང་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིང་པིང་བོད་ནང་མ་བསྐྱོད་གོང་དེར་དམ་བསྒྲཌ་ཀྱི་ལས་འགུལ་སྤེལ་ནས་ཉུང་མཐར་བོད་མི་ ༡༠༠ སྐོར་འཛིན་བཟུང་དོ་དམ་བྱས་ཡོད་པ་དེ་དག་ག་པར་འཁྲིད་ཡོད་མེད་ཀྱི་གནས་ཚུལ་ཡང་ཁ་གསལ་མེད་པ་རེད་ཅེས་གསུང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎