ལ་དྭགས་འབྲོག་པའི་ས་ཁུལ་དུ་རྒྱ་མིའི་འགྲུལ་འཁོར་གཉིས་འཛུལ་རྐྱེན་རྩོད་རྙོག་བྱུང་བ།

2020.12.25
ལ་དྭགས་འབྲོག་པའི་ས་ཁུལ་དུ་རྒྱ་མིའི་འགྲུལ་འཁོར་གཉིས་འཛུལ་རྐྱེན་རྩོད་རྙོག་བྱུང་བ། ལ་དྭགས་འབྲོག་པའི་ས་ཁུལ་དུ་རྒྱ་མིའི་འགྲུལ་འཁོར་གཉིས་འཛུལ་རྐྱེན་རྩོད་རྙོག་བྱུང་བ།
འདྲ་བཤུས།

༢༠༢༠ སྤྱི་ཟླ་ ༡༢ཚེས་ ༡༦ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་ལ་དྭགས་བྱང་ཐང་ཀག་གཞུང་ཕྱོགས་ལ་རྒྱ་ནག་ནས་འགྲུལ་འཁོར་གཉིས་ཀྱི་ས་མཚམས་བརྒལ་ནས་སླེབས་དུས་ལ་དྭགས་ཡུལ་པ་དང་ཡོང་གྲགས་ ITBP Indo Tibetan Border Police འམ་རྒྱ་བོད་ས་མཚམས་གྱི་ཉེན་རྟོག་པ་འགའ་ཞིག་གིས་འགྲུལ་འཁོར་དེ་གཉིས་ཕྱིར་ཕུད་བྱས་པའི་བརྙན་ཐུང་ཞིག་ལ་དྭགས་ཡུལ་མིའི་དྲ་རྒྱའི་ཐོག་བཅུག་འདུག རྒྱ་དཀར་ནག་གཉིས་ཀྱི་དབར་བར་སྐབས་འཕགས་བོད་ས་མཚམས་ཀྱི་གནས་སྟངས་ཐོག་འབྲེལ་བ་ཡག་པོ་མེད་པའི་སྐབས་འདིར་བརྙན་ཐུང་དེ་རྒྱུད་མི་དམངས་ལ་དོགས་པ་དང་སེམས་ཁྲལ་བྱུང་ཡོད་སྟབས་བྱང་ཐང་ཀག་གཞུང་ཉེ་འགྲམ་དུ་ཡོད་པའི་བྱང་ཐང་ཆུ་ཤུལ་ཕྱོགས་ཀྱི་སྐུ་ཚབ་ཡིན་པ་ལ་དྭགས་(Union Territory)གཞུང་འམ་རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་ས་ཁུལ་གྱི་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཆུ་ཤུལ་ས་གནས་འཐུས་མི་སྐུ་ཞབས་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་གསུངས་བྱུང་། བྱང་ཐང་ཀག་གཞུང་ཕྱོགས་གྱི་ཡུལ་པ་རྣམས་དང་བོད་པ་སྐྱབས་བཅོལ་བ་འབྲོག་པ་ཚང་མས་ས་མཚམས་དེ་ཡི་ཕྱོགས་སུ་ཕྱི་ལོ་༢༠༡༧ བར་དགུན་དུས་སུ་འབྲོག་ས་བྱེད་བཞིན་ཡོད་ཀྱང་ལྡེམ་ཆོག་ཁུལ་དུ་ར་ལུག་སེམས་ཅན་རྣམས་ལ་ནད་གསར་པ་ཞིག་བྱུང་བའི་རྐྱེན་གྱི་ས་མཚམས་དེའི་ཕྱོགས་སུ་འབྲོག་ས་བྱེད་མ་ཐུབ་པའི་གནས་སྟངས་བྱུང་འདུག
འདི་ལོ་དགུན་དུས་སུ་འབྲོག་མི་རྣམས་ཀྱིས་བསྐྱར་དུ་འབྲོག་ས་རྐྱང་པའི་ཆེད་ས་མཚམས་ཕྱོགས་སུ་གྲོང་སྤོ་བའི་དུས་སུ་རྒྱ་ནག་ཕྱོགས་ནས་ངོ་རྒོལ་གྱི་རྣམ་པར་རྒྱ་གར་གྱི་ས་མཚམས་མི་ཊར་ ༣༠༠ ལྷག་ཙམ་བརྒལ་ནས་ལ་དྭགས་ཀྱི་འབྲོག་མི་རྣམས་ལ་རྩོད་པ་རྒྱག་ཚུལ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྐུ་ཞབས་དཀོན་མཆོག་བསྟན་འཛིན་ལགས་ནི་ས་མཚམས་ཕྱོགས་གྱི་ཡུལ་པའི་ས་གནས་ཀྱི་སྐུ་ཚབ་ཡིན་སྟབས་ཁོང་གིས་འབྲོག་སའི་ཕྱོགས་ལ་རྒྱ་ནག་ནས་དཀའ་ངལ་མ་འཕྲད་པ་དང་། རྒྱ་གར་གཞུང་ནས་ཀྱང་ས་མཚམས་ཕྱོགས་ལ་དམག་མི་མང་དུ་བཏང་གི་ཡོད་དུས་འབྲོག་པ་རྣམས་ཀྱི་འཚོ་བར་བདེ་འཇགས་ཡོང་ཆེད་གནས་ཚུལ་འདིའི་སྐོར་ལ་དྭགས་གཞུང་གི་འབྲེལ་ཡོད་དཔོན་རིགས་ཆེ་ཁག་ལ་སྙན་གསེང་ཞུས་ཡོད་ཅེས་གསུང་གི་འདུག
ཡང་ལ་དྭགས་ཀག་གཞུང་གི་སྐྱབས་བཅོལ་བའི་འགོ་པ་བློ་བཟང་ལགས་ཀྱིས་ས་མཚམས་དེའི་ཁུལ་དུ་བོད་མི་གྲོང་པ་ ༤༠ལྷག་ཙམ་ཡོད་ཚུལ་གསུང་གི་འདུག
དེ་བཞིན་སྐུ་ཞབས་དཀོན་མཆོག་བསྟན་འཛིན་གྱིས་རྒྱ་གར་དབུས་གཞུང་དང་། དབུས་བོད་མིའི་སྒྲིག་འཛུགས་གཉིས་ཟུང་འབྲེལ་གྱིས་ལ་དྭགས་ས་མཚམས་སུ་ཆགས་པའི་ཡུལ་པའི་འབྲོག་མི་རྣམས་དང་བོད་མི་སྐྱབས་བཅོལ་བའི་འབྲོག་པ་རྣམས་གྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཆེད་ཨ་སྒོར་ས་ཡ་ ༢༤༥ ལོ་སྔོན་མ་བཀའ་འཁྲོལ་གནང་ཡོད་པ་དེ་དག་ལོ་གསུམ་གྱི་ནང་ལག་ལེན་བསྟར་ཐུབ་ཐབས་འབད་རྩོན་གནང་འཆར་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་ས་མཚམས་ཀྱི་གནས་ཚུལ་དེ་རྒྱ་གར་དབུས་གཞུང་ནས་ཛ་དྲག་ཅིག་ལ་ངོས་འཛིན་ཐོག་རྒྱ་གར་གྱི་ས་དམག་དམག་སྤྱི་ MM Nerwane མཆོག་འདི་ཚེས་༢༣ ཉིན་ལ་དྭགས་ལ་ཉིན་གཉིས་རིང་ཕེབས་ཡོད་འདུག
རྒྱ་གར་དང་རྒྱ་ནག་དབར་འདི་ལོའི་སྤྱི་ཟླ་དྲུག་པའི་ཚེས་༡༥ ཉིན་མཐའ་སྲུང་དམག་མིའི་དབར་འཁྲུག་འཛིང་ཤོར་ཏེ་རྒྱ་གར་དམག་མི་ ༢༠ རྐྱེན་ལམ་དུ་ཤོར་ཡོད་པ་དང་། རྒྱ་ནག་གི་དམག་མི་ཤི་རྨས་ཀྱི་གནས་སྟངས་ཕྱི་ལ་གསལ་པོ་བཤད་མེད་ནའང་། དེ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་ཛ་དྲག་གནས་སྟངས་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎