བལ་ཡུལ་དུ་རྒྱ་ནག་སྐུ་ཚབ་ཚོཌ་པའི་འཚམས་འདྲི་མཇུག་བསྒྲིལ།
2011.08.18
༄༅༎རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཚོཌ་ཆུང་གི་དྲུང་ཆེ་ཀྲུའུ་ཡོང་ཀང་གིས་སྣེ་འཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོཌ་པས་བལ་ཡུལ་ནང་ཉིན་གསུམ་རིང་གི་གཟིཌ་སྐོར་མཇུག་སྒྲིལ་ཟིན་ནས་ཁ་ས་རྒྱ་ནག་ལ་ཕྱིར་ལོག་གནང་འདུག ཀྲུའུ་ཡོང་ཀང་ཡིས་སྣེ་འཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོཌ་པས་བལ་ཡུལ་ནང་ཉིན་གྲངས་གསུམ་རིང་གཟིཌ་སྐོར་གནང་སྐབས་བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་མཆོག་དང་སྲིད་བློན་ཇ་ལ་ནའཐ་ཀ་ནལ་ ཡུ་སི་པི་ཨེན་ཞེས་མའོའི་དམར་ཤོག་ཚོཌ་པའི་ཚོཌ་གཙོ་པུཤི་པ་ཀ་མལ་རྡ་ཧལ་ ནེ་པལ་ཀོང་རེསི་ཚོཌ་པའི་ཚོཌ་གཙོ་སུ་ཤིལ་ཀོའེ་རེ་ལ་མཆོག་ དེ་བཞིན་མ་རྡེ་སི་སྲིད་དོན་ཚོཌ་པའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་བཀའ་མོལ་གནང་འདུག བལ་ཡུལ་གྱི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་སྐབས་རྒྱ་ནག་གི་སྐུ་ཚབ་ཚོས་བལ་ཡུལ་ནང་ཞི་བདེའི་བརྒྱུད་རིམ་དང་རྩ་ཁྲིམས་ཟིན་བྲིས་ཁག་ལ་སེམས་འཚབ་ཡོད་པའི་བསམ་ཚུལ་བཏོན་འདུག་ རྒྱལ་ས་ཀད་མན་གྲུའི་ནང་རྒྱ་ནག་གི་སྐུ་ཚབ་ཚོཌ་པས་བལ་ཡུལ་གཞུང་གི་མཉམ་དུ་གྲོས་མཐུན་ཆེ་ཁག་བཞི་ལ་ས་རྟགས་བཀོད་འདུག་པས་ དེ་དག་ནི་གཙོ་བོ་ཡུལ་གྲུ་གཉིས་དབར་དཔལ་འབྱོར་དང་བཟོ་རྩལ་རིག་གནས་ཐད་མཉམ་འབྲེལ་བྱ་རྒྱུ་དང་རྒྱ་ནག་གཞུང་གིས་བལ་ཡུལ་ལ་དངུལ་སྐྱེད་ཡང་བའི་བུ་ལོན་གཏོང་རྒྱུ་སོཌ་ཡིན་འདུག་ བལ་ཡུལ་གྱི་དཔལ་འབྱོར་ཟུང་འབྲེལ་དྲུང་ཆེ་ལལ་ཤང་ཀར་གི་མི་རེ་ལྟར་ན་ཡུལ་གྲུ་གཉིས་དབར་དཔལ་འབྱོར་དང་བཟོ་རྩལ་རིག་གནས་མཉམ་འབྲེལ་བྱེད་ཕྱོཌ་ཐད་རྒྱ་ནག་གཞུང་གིས་བལ་ཡུལ་ལ་རོགས་དངུལ་རྒྱ་མིའི་སྒོར་མོ་ཡོན་ས་ཡ་༡༥༠་སྤྲོད་རྒྱུ་དང་ཡང་ཏྲི་ཤུལ་བརྒྱུད་གཏོང་རྒྱ་བསྐྱེད་གཏོང་ཕྱིར་དངུལ་སྐྱེད་ཡང་བའི་འབུ་ལོན་རྒྱ་སྒོར་ས་ཡ་༡༥༤སྤྲོད་རྒྱུ་མ་ཟད་ བལ་པོའི་ཉེན་རྟོག་མི་སྣར་བདེ་འཇཌ་སྲུང་སྐྱོབ་ཆེད་ཀྱི་ཡོ་ཆས་མཁོ་སྤྲོད་ཆེད་རྒྱ་སྒོར་ས་ཡ་༦་སྤྲོད་རྒྱུའི་མོས་མཐུན་བྱུང་འདུག་ རྒྱ་ནག་དམར་ཤོག་ཚོཌ་པའི་དཔོན་རིགས་མཐོ་གྲས་བཅུ་ཡི་ནང་ནས་གཅིག་ནི་ཀྲུའུ་ཡོང་ཀང་ཡིན་སྟབས་འདས་པའི་ལོ་བརྒྱད་ཀྱི་ནང་ཚུད་ལ་བལ་ཡུལ་ནང་གཟིཌ་སྐོར་དུ་ཕེབས་མཁན་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་དེ་ཁོང་ཆཌ་ཡོད་པའི་གནས་ཚུལ་འདུག༎