ཆོས་ལུཌ་རང་དབང་ལ་སྲུང་སྐྱོབ་དགོས་པའི་སྙན་ཞུ།

རྒྱ་ནག་ནང་གི་ཡི་ཤུའི་མཆོད་ཁང་ཁག་ཅིག་གིས་མང་ཚོགས་ཀྱི་ཆོས་ལུགས་རང་དབང་ལ་ཁྲིམས་ཐོག་སྲུང་སྐྱོབ་དགོས་པའི་སྙན་ཞུ་ཞིག་ཕུལ་བ།

2011.05.13

༄༅༎རྒྱ་ནག་གཞུང་གིས་རྒྱལ་ས་པི་ཅིང་ལ་ཡོད་པའི་ཡི་ཤུའི་མཆོད་ཁང་གི་ཚོགས་མི་ཁག་ཅིག་འཛིན་བཟུང་བཀག་སྡོམ་བྱས་པའི་དོན་རྐྱེན་རྗེས་ རྒྱ་ནག་ནང་ཡོད་པའི་ཡི་ཤུའི་མཆོད་ཁང་བཅུ་བདུན་མཉམ་རུབ་ཀྱིས་རྒྱ་ནག་མི་མང་འཐུས་མིའི་་ཚོགས་ཆེན་ལ་ མང་ཚོགས་ཀྱི་ཆོས་ལུགས་རང་དབང་ལ་ཁྲིམས་ཐོག་སྲུང་སྐྱོབ་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་འདུག་

ཆོས་ཚོགས་ཀྱི་ཚོགས་མི་ཚོས་སྙན་ཞུ་དེ་བཞིན་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་མི་མང་འཐུས་ཚོགས་ལ་ཐད་ཀར་ཕུལ་ཡོད་པ་དང་ དེ་ནི་ད་བར་མང་ཚོགས་སྒེར་གྱི་ཁང་པའི་ནང་གསང་བའི་འདུ་འཛོམས་བྱེད་བཞིན་པའི་ཡི་ཤུའི་ཆོས་ཚོགས་ཁག་གིས་དངོས་སུ་མདུན་ལ་ཐོན་ཏེ་རྒྱ་ནག་གཞུང་ལ་ཐད་ཀར་ཆོས་ལུགས་རང་དབང་དགོས་པའི་ཞུ་སྙན་ཕུལ་བ་ཐོག་མ་དེ་ཆགས་ཡོད་པ་གསུངས་ཀྱི་ཡོད་པ་རེད་

སྙན་ཞུ་དེ་ནི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཝུའུ་པང་ཀོའུའི་མིང་ཐོག་ཕུལ་ཡོད་པ་དང་ སྙན་ཞུའི་ནང་རྒྱ་གཞུང་ཉེན་རྟོག་པས་ རྒྱལ་ས་པི་ཅིང་གི་ཧྲུའོ་ཝང་ཡི་ཤུའི་མཆོད་ཁང་ལ་དྲག་གནོན་བྱས་པའི་དོན་རྐྱེན་ལ་གཞུང་ནས་ཞིབ་འཇུག་དགོས་ཀྱི་ཡོད་པ་བཀོད་ཡོད་པ་རེད་

ཧྲུའོ་ཝང་ཞེས་ཡི་ཤུའི་མཆོད་ཁང་འདིའི་ཚོགས་མི་ཚོས་རྒྱུན་དུ་ཁང་གླ་སྤྲད་པའི་ཁང་པ་ཞིག་ནང་ཆོས་བཤད་ཆེད་འཛོམས་ཀྱི་ཡོད་ཀྱང་ གཞུང་གིས་ཁང་བདག་ལ་གནོན་ཤུགས་སྤྲད་པའི་ཤུགས་རྐྱེན་འོག ཁང་བདག་གིས་ཆོས་ཚོགས་ལ་ཁང་གཡར་གཏོང་རྒྱུ་ཕྱིར་འཐེན་གྱི་རྗེས་ ཆོས་ཚོགས་ཀྱི ཚོགས་མི་ཚོར་འདུ་འཛོམས་བྱ་ཡུལ་མེད་པ་གྱུར་ཏེ་ ཡི་ཤུའི་མཆོད་ཁང་འདིས་ཆོས་ཚོགས་ཀྱི་ཚོགས་མི་ཡོངས་ལ་ རེས་གཟའ་ཉི་མའི་གསུང་ཆོས་ཆེད་ ཚང་མ་ཕྱི་ལ་འདུ་འཛོམས་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་ རྒྱ་ནག་གཞུང་གིས་ཆོས་ཚོགས་ཀྱི་ཚོགས་མི་ཚོ་འདུ་འཛོམས་མི་ཐུབ་རྒྱུའི་ཆེད་ ཆོས་ཚོགས་འདིའི་ཆོས་དཔོན་དང་ལས་སྣེ་རྣམས་འཛིན་བཟུང་བྱས་ཡོདའདུག་

རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུས་ ཡི་ཤུའི་ཆོས་ཚོགས་འདིའི་ཚོགས་མི་ཚོས་ཁྲིམས་འགལ་གྱིས་ལམ་བར་འདུ་འཛོམས་བྱ་རྒྱུའི་ཐབས་ཤེས་ཡང་ཡང་བྱེད་བཞིན་པར་ རྒྱ་གཞུང་ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་བཀག་སྡོམ་བྱ་དགོས་གྱུར་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎