སྒྱུ་རྩལ་བ་ཨའེ་བེ་བེས་ཁྲིམས་ཁང་དུ་ཞུ་གཏུགས་བྱ་རྒྱུ།

རྒྱ་རིགས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཡི་ཐོག་གཞུང་གིས་དཔྱ་འཁྲལ་ཉེས་ཆད་བཏང་བ་དེར་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུགས་བྱ་རྒྱུ་ཡིན་ལུགས།

2011.11.12

༄༅༎རྒྱ་རིགས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཡི་ཐོག་གཞུང་གིས་དཔྱ་འཁྲལ་ཉེས་ཆད་བཏང་བ་དེར་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུགས་བྱ་རྒྱུ་ཡིན་ཞེས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཡིས་འདི་ཚེས་ ༡༡ ཉིན་ཧྥེ་རེནས་གསར་ལས་ཁང་ལ་གསུངས་འདུག  
དེ་ཡང་འདི་ལོའི་ལོ་སྟོད་དུ་རྒྱ་ནག་གཞུང་གིས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་གློ་བུར་དུ་འཛིན་བཟུང་གིས་ཉིན་གྲངས་བརྒྱད་བཅུའི་རིང་དོ་དམ་བཀག་ཉར་འོག་བཞག་པའི་རྗེས་གློད་བཀྲོལ་བཏང་བ་དང་ཆབས་ཅིག་ སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཡིས་གཞུང་ལ་ རྒྱ་མིའི་མི་མང་ཤོག་སྒོར་ས་ཡ་བཅོ་ལྔའི་དཔྱ་འཁྲལ་འབུལ་དགོས་པའི་ཉེས་ཆད་བཏང་ཡོད་པ་ལྟར། ཉེས་ཆད་དེ་འདི་ཚེས་ ༡༥ འི་ནང་ཚུད་འབུལ་དགོས་ཀྱི་ཡོད་ཀྱང༌།  འདི་ཚེས་ ༡༡ ཉིན་ཧྥེ་རེནས་གསར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བའི་ནང༌། དཔྱ་འཁྲལ་གྱི་ཉེས་ཆད་དེ་འབུལ་རྒྱུར་ང་ཚོས་ད་བར་ཁས་ལེན་བྱས་མེད་ལ། དཔྱ་འཁྲལ་འབུལ་རྒྱུའི་དུས་ཡུན་མ་རྫོགས་གོང་གཞུང་གིས་ཉེས་ཆད་དེར་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུགས་བྱེད་ཀྱི་ཡིན། ཁྲིམས་ཁང་ལ་ཞུ་གཏུགས་བྱ་རྒྱུར་འགྲོ་སོང་མི་མང་ཤོག་སྒོར་ས་ཡ་བརྒྱད་དགོས་ཀྱི་ཡོད་པ་དེའི་ཆེད། ཉེ་ལམ་ཁོང་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་གྱི་མི་མང་ཚོས་ཞལ་འདེབས་བརྒྱབ་པའི་དངུལ་རྣམས་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎