རྒྱ་ནག་གིས་བོད་ནང་དམག་དོན་སྦྱོང་བརྡར་ཐོག་མ་དེ་བྱས་པ།

རྒྱ་ནག་གིས་བོད་ནང་མཁའ་ཐོག་དང་ས་ཐོག་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ཐོག་མ་དེ་སྤེལ་ཡོད་པའི་སྐོར་གནས་ཚུལ་འཁོད་འདུག

2010.10.27

༄༅༎རྒྱ་ནག་གིས་བོད་ནང་མཁའ་ཐོག་དང་ས་ཐོག་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ཐོག་མ་དེ་སྤེལ་ཡོད་པའི་སྐོར་བཅིངས་སྒྲོལ་དམག་ཉིན་རེའི་ཚགས་ཤོག་ཐོག་གནས་ཚུལ་འཁོད་ཡོད་འདུག 

གནས་ཚུལ་དེའི་ནང་འཁོད་པ་ལྟར་ན་ རྒྱ་ནག་དམག་དཔུང་གིས་རྒྱ་མཚོ་ནས་མཐོ་ཚད་མི་ར་༤༧༠༠ཙམ་གྱི་བོད་ཀྱི་ས་ཁུལ་ནང་དམག་གི་གནམ་གྲུ་དང་ཐད་འཕུར་གནམ་གྲུ་ དེ་བཞིན་ས་ཐོག་ནས་ལྕགས་སྒྲབ་འཁོར་ལོ་སོགས་བཏང་ནས་དེང་དུས་ཀྱི་ཚན་རིག་ལག་རྩལ་བེད སྤྱོད་བྱས་ནས་ མཁའ་ཐོག་དང་ས་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐོག་མ་དེ་སྤེལ་ཡོད་པའི་སྐོར་འཁོད་པ་ལས་ དེ་མིན་གྱི་དམག་དོན་སྦྱོང་བརྡར་དེ་བཞིན་བོད་ཀྱི་ས་ཁུལ་ག་པར་བྱས་མིན་དང་ དམག་དོན་སྦྱོང་བརྡར་ནང་ཞུགས་མཁན་གྱི་དམག་མིའི་གྲངས་འབོར་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་འཁོད་མེད་པ་དང་ ད་རེས་ཀྱི་དམག་དོན་སྦྱོང་བརྡར་དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་དམག་དཔུང་གིས་དེང་དུས་ཚན་རིག་དང་ཐུན་པའི་ཐོག་ནས་མཁའ་མཚོ་ས་གསུམ་མཉམ་འབྲེལ་གྱི་དམག་ཐབས་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན་པ་མ་ཟད་རྒྱ་ནག་གི་དམག་དཔུང་གིས་ས་མཐོ་དང་མཁའ་རླུངས་དམའ་བའི་ས་ཆའི་ཐོག་ལ་ཡང་དམག་ཐབས་ནུས་ཤུགས་ལྡན་པ་ཡོངས་ཐབས་ཀྱི་སྦྱོང་བརྡར་ཞིག་ཡིན་ལུགས་འཁོད་ཡོད་པ་རེད་

ད་རེས་རྒྱ་ནག་དམག་དཔུང་གིས་བོད་ཀྱི་ས་ཁུལ་ནང་མཁའ་ཐོག་དང་ས་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱས་པ་དེས་ཁྱིམ་མཚེས་ཡུལ་གྲུ་རྒྱ་གར་ལ་རྒྱ་ནག་གིས་བོད་ནང་དམག་དོན་རྟེན་གཞི་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་སེམས་ཚབ་ཆེ་རུ་འགྲོ་སྲིད་པ་དང་ རྒྱ་གར་དང་རྒྱ་ནག་དབར་ཕྱི་ལོ་༡༩༦༢ལོར་བོད་དང་རྒྱ་གར་གྱི་ས་མཚམས་སུ་དམག་འཁྲུག་བྱུང་བའི་རྗེས་ཡུལ་གྲུ་གཉིས་ཀྱིས་ས་མཚམས་ཀྱི་གནད་དོན་ཐོག་རྩོད་གླེང་ཡོད་མུས་ཡིན་པའི་ཁར་དེང་སྐབས་རྒྱ་གར་གཞུང་གིས་རྒྱ་ནག་གིས་བོད་ནང་རྒྱ་མིའི་དམག་དོན་སྟོབས་ཤུགས་ཆེ་རུ་གཏོང་བཞིན་པའི་ཐོགརྒྱ་གར་གྱི་ཁྱིམ་མཚེས་ཡུལ་གྲུ་པ་ཀི་སི་ཐན་དང་དམག་དོན་འབྲེལ་ལམ་བྱས་ནས་རྒྱ་གར་གྱི་མངའ་ཁུལ་ས་མཚམས་ལ་ཉེན་ཚབས་བཟོ་ཡི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎