བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་གཏང་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་ཡིན་པ།

ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་ཕྱི་ཟླ་ལྔ་པའི་ཚེས་ཤར་ཙམ་ནས་འགྲོ་འོང་བྱ་རྒྱུ་འགོ་འཛུཊ་རྒྱུ་ཡིན་ལུཊ་གསལ་བསྒྲཊ་བྱས་ཡོད་འདུག

2008.04.17

༄༅༎བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་གཏང་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་ཡིན་འདུག ཉེ་ཆར་བོད་ནང་དོན་རྐྱེན་བྱུང་བའི་རྗེས་སུ་བོད་ནང་གི་གནས་སྟངས་རྒྱ་ནག་གཞུང་ནས་བཏང་འཛིན་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་ནང་ཕྱི་ཟླ་ལྔ་པའི་ཚེས་ཤར་ཙམ་ནས་འགྲོ་འོང་བྱ་རྒྱུ་འགོ་འཛུགས་རྒྱུ་ཡིན་ལུགས་གསལ་བསྒྲཊ་བྱས་ཡོད་པ་རེད། འོན་ཀྱང་བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་སུ་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་ཁ་པར་ཐོག་བཀའ་འདྲི་གནང་བའི་སྐབས། མིང་བཏོན་གནང་འདོད་མེད་པའི་ལས་བྱེད་ཅིག་ནས། ད་ལྟའི་ཆར་བོད་ནང་གནས་སྟངས་ལྷིང་འཇགས་པོ་ཞིག་ཆགས་ཡོད་མ་རེད། དེ་འདྲ་ཡིན་དུས་སྔོན་འཆར་གཞིར་བཟུང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡི་མ་རེད་ཅེས་ལན་རྒྱབ་ཡོད་འདུག

ཡང་དྲིན་རྡུར་ཡོད་པའི་བོད་ནང་ཡུལ་སྐོར་སྤྲོ་འཆམ་བསྐྱོད་མཁན་ཚོའི་གོ་བསྒྲིགས་བྱེད་མཁན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་ཅིག་ནས། བོད་ནང་བསྐྱོད་ཆོག་པའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པ་དངོས་འབྲེལ་རེད། ཡིན་ནའང་སླར་ཡང་ཕྱི་རྒྱལ་དང་། རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཆོག་ཡོད་མིན་གྱི་དུས་ཚོད་ད་ལྟའི་འཆར་གང་ཡང་གསལ་བསྒྲགས་བྱེད་མ་སོང་ཞེས་འགྲེལ་བརྗོད་བྱས་འདུག ཉེ་ཆར་བོད་ནང་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གི་གོ་བསྒྲིགས་འོག་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་དང་། ཕྱི་རྒྱལ་གནད་ཡོད་མི་སྣ་ཁག་ཅིག་བཅས་མ་གཏོགས་ད་བར་ཕྱི་ཕྱོགས་ནས་ཡོང་མཁན་ཚོར་དམ་དྲག་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎