རྒྱ་ནག་ནི་དྲ་གནས་རང་དབང་ལ་དམ་དྲག་བྱེད་མཁན་སྡུག་ཤོས་གྲས་རེད།


2017.11.15
ཨ་རིའི་རང་དབང་ཁང་པའི་སྙན་ཐོ། ༢༠༡༧ ཨ་རིའི་རང་དབང་ཁང་པའི་སྙན་ཐོ། ༢༠༡༧
freedomhouse.org

ཨ་རིའི་རང་དབང་ཁང་པས་སྤྱི་ལོ་༢༠༡༧་ལོའི་འཛམ་གླིང་གི་དྲ་གནས་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་ནི་དྲ་གནས་རང་དབང་ལ་དམ་དྲག་བྱེད་མཁན་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་རེད།
ཉེ་ཆར་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་རྟེན་གཞི་བྱེད་པའི་རང་དབང་ཁང་པ་ནས་སྤྱི་ལོ་༢༠༡༧་ལོའི་འཛམ་གླིང་གི་དྲ་གནས་རང་དབང་གནས་སྟངས་སྐོར་གྱི་སྙན་ཐོ་བཏོན་པའི་ཁྲོད། རྒྱ་ནག་ནི་བསྟུད་མར་ལོ་གསུམ་ལ་དྲ་གནས་རང་དབང་གི་གནས་སྟངས་ལ་དམ་དྲག་ཤུགས་ཆེན་བྱེད་པའི་གནས་སྟངས་ཚབས་ཆེ་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་དང་། གོང་བརྗོད་ཚོགས་པ་དེས། ཨ་རི་དང་རྒྱ་ནག་ཨས་ཏི་ཨོ་རྦིས་ཡ། ཧྥ་རན་སི་སོགས་རྒྱལ་ཁབ་༦༥འི་ནང་རྟོག་ཞིབ་བྱས་པའི་ཁྲོད། གནས་སྟངས་སྡུག་ཤོས་དེ་རྒྱ་ནག་དང་། ཨས་ཏི་ཨོ་རྦིས་ཡ། སི་རོས་ཡ་བཅས་ཡིན་ཞིང་། རྒྱ་ནག་དཔེ་མཚོན་དུ་དྲངས་པའི་ནང་། རྒྱ་ནག་གིས་ནམ་རྒྱུན་བོད་དང་ཡུ་གུར་མི་རིགས་ཚོའི་ལག་ཐོགས་ཁ་པར་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པ་མ་ཟད། ལས་མེད་ན་གཞོན་བསྡུ་རུབ་བྱས་ནས་དྲ་གནས་ལ་རྗེས་འདེད་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་ལ། དེ་བཞིན་དྲ་གནས་ཐོག་རྣོ་ཚོར་ཅན་གྱི་ཚིག་༼༧གོང་ས་མཆོག་གི་འཁྲུངས་སྐར་བསུ་བ༽་དང་ཞིས་ཅིན་ཕེན་ལ་ཟུར་ཟའི་རོལ་རྩེད་སྤེལ་བ་སོགས་བསུབ་པ་དང་། ཟླ་བ་སྔོན་མར་ཉུང་མཐའ་བོད་ནང་སྐད་འཕྲིན་ཐོག་རང་ལུས་མེར་བསྲེག་གི་འདྲ་པར་སོགས་བརྒྱུད་སྤེལ་བྱས་ཚུལ་གྱིས་བོད་མི་བདུན་འཛིན་བཟུང་བྱས་བ་དང་། དེ་བཞིན་རྒྱ་ནག་ནང་དུ་དམངས་གཙོར་དགའ་མོས་བྱེད་མཁན་དང་དུས་རྒྱུན་དྲ་གནས་བེད་སྤྱོད་གཏོང་མཁན་ལུའུ་ཀིན་སུང་ཞེས་པ་ཞིག་ལ་ལོ་བཅུ་གཅིག་གི་ཁྲིམས་ཆད་བཅད་པ་སོགས་ལུང་འདྲེན་བྱས་འདུག
དེ་མིན་རྒྱ་ནག་ནང་དྲ་གནས་བེད་སྤྱོད་བྱེད་མཁན་ཧ་ལམ་མི་གྲངས་དུང་ཕྱུར་བདུན་ལྷག་ཡོད་པ་དེ། འཛམ་གླིང་སྟེང་མི་འབོར་མང་ཤོས་ཡིན་ཡང་། དྲ་གནས་ལ་དམ་དྲག་གི་གནས་སྟངས་ཇེ་སྡུག་ནས་ཚབས་ཇེ་ཆེ་ཡིན་པ་བརྗོད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎