༸གོང་ས་མཆོག་གིས་རྒྱ་ནག་ནང་འགྱུར་བ་ཡོང་ངེས་བཀའ་སྩལ།

༸གོང་ས་མཆོག་གིས་རྒྱ་ནག་ནང་འགྱུར་བ་ཡོང་ངེས་པ་དང་བོད་དོན་བདེན་མཐའ་གསལ་ངེས་ཡིན་སྐོར་བཀའ་གནང་འདུག

2009.01.11

༄༅༎རྒྱ་ནག་ནང་འགྱུར་བ་ཡོང་ངེས་པ་དང་བོད་དོན་བདེན་མཐའ་གསལ་ངེས་ཡིན་སྐོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་ལྦ་ར་ན་སིར་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བཞི་སྟོང་སྐོར་ལ་དམིགས་བསལ་བཀའ་སློབ་གནང་སྐབས་བཀའ་གནང་འདུག

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དར་བའི་དམར་པོའི་ཚོགས་པ་གཅིག་ཉིད་ཀྱིས་སྲིད་དབང་བཟུང་བའི་ལམ་ལུགས་དེ་རྒྱལ་ཁབ་མང་པོའི་ནང་ཐོར་ཞིག་ཏུ་སོང་བ་རེད་ཅེས་དང་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པ་རེད། འདི་མུར་གནས་ཐབས་མེད་པ་རེད་ཅེས་དང་མཐར་ཐུག་བོད་དོན་བདེན་མཐའ་གསལ་གྱི་རེད་ཅེས་༸གོང་ས་མཆོག་གིས་བཀའ་གནང་འདུག

༸གོང་ས་མཆོག་གིས་ཕྱི་ཟླ་དང་པོའི་ཚེས་བརྒྱད་ནས་བཅུ་བཞི་བར་འཕགས་པ་ཐོག་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་དང་མཁན་ཆེན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་བཅས་ཀྱི་གསུང་ཆོས་གནང་བཞིན་པ་རེད། གནས་མཆོག་ལྦ་ར་ན་སིར་རྒྱལ་ཁབ་སུམ་ཅུ་ལྷག་ནས་དད་ལྡན་ཆོས་ཞུ་བ་ཉིས་ཁྲི་བརྒལ་བ་འབྱོར་ཡོད་ཅིང་ཧི་མ་ལ་ཡའི་རི་རྒྱུད་ཤར་མོན་ནས་ནུབ་ལ་དྭགས་བར་དང་བལ་ཡུལ་དང་འབྲུག།འབྲས་ལྗོངས་བཅས་ནས་ཕེབས་པའི་ཆོས་ཞུ་བ་སྟོང་ཕྲག་མང་པོ་དང་བོད་དང་ཕྱི་རྒྱལ་ཡུལ་གྲུ་བཅས་ནས་ཁྱོན་ཆོས་ཞུ་བ་ཉིས་ཁྲི་བརྒལ་བ་འཛོམས་ཡོད་པ་རེད། ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོར་དམིགས་བསལ་བཀའ་སློབ་གནང་བའི་ནང་དེང་གི་བོད་ཀྱི་གནས་སྟངས་ཛ་དྲག་ཡོད་པ་མ་ཟད་རྒྱ་ནག་གིས་དབང་བསྒྱུར་འོག་བོད་ཀྱི་ཆོས་དང་རིག་གཞུང་ཆགས་འཇིག་གི་གནས་སུ་གྱུར་ཡོད་པ་དེ་ལྟར་ཡང་དེང་འཛམ་གླིང་ཡོངས་ནང་འགྱུར་འགྲོས་ཡོང་བཞིན་ལྟར་རྒྱ་ནག་ནང་ཡར་འགྱུར་འགྲོས་ཡོང་བཞིན་པ་རེད་ཅེས་དང་ཡང་སྔར་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་བཙན་གནོན་ལ་ངོ་རྒོལ་བྱུང་བ་ལྟར་འཛམ་གླིང་ནང་བོད་དོན་བདེན་པ་དང་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་པ་རེད་ཅེས་དང་ལྷག་པར་དུ་ཉེ་བའི་ཆར་བོད་ཀྱི་བདེན་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རྒྱ་མི་རིགས་སྤྱི་དང་ཁྱད་པར་དུ་རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་གྱི་ཡོད་སྐོར་༸གོང་ས་མཆོག་གིས་གནས་མཆོག་ལྦ་ར་ན་སིར་བཀའ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎