ཆུའི་གནད་དོན་གྱིས་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་བཟོ་བཞིན་འདུག


2017.10.12
མཐོ་སྒང་བོད་ཀྱི་ཆུ་བོ། ༢༠༡༧ མཐོ་སྒང་བོད་ཀྱི་ཆུ་བོ། ༢༠༡༧
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོ་བེད་སྤྱད་ནས་ཆུ་བོ་རྒྱུག་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་འཕར་མ་བཟོ་བཞིན་འདུག
ལོ་ངོ་བཅུ་ཕྲགམང་པོའི་རིང་རྒྱ་ནག་གིས་བོད་ཀྱི་ཆུ་བོ་ཆེ་ཁག་ལ་སྟངས་འཛིན་གྱིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་ཆུ་རྒྱུག་ཡུལ་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་གནོན་ཤུགས་དང་དཀའ་ངལ་བསྟུད་མར་སྤྲོད་བཞིན་པའི་ཁར་ད་ཆ་གཙང་ཆུའི་རྒྱུག་ཚད་དང་། རྒྱ་ཆེ་ཆུང་དེ་བཞིན་གཙང་ཆུའི་ཁ་ཕྱོགས་ལ་སོགས་པའི་གནས་ཚུལ་སྦས་གསང་བྱས་ཏེ་སླར་ཡང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་དཀའ་ངལ་འཕར་མ་བཟོ་བཞིན་ཡོད་འདུག
དེ་ཡང་(New Vision)་ཞེས་པའི་(Uganda)་རྒྱལ་ཁབ་ཀྱི་ཉིན་རེའི་གསར་ཤོག་ཐོག་ཚེས་༡༡་ཉིན། རྒྱ་གར་གྱི་བདེ་འཇགས་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་(Brahma Chellaney)་ལགས་ཀྱིས། རྒྱ་ནག་གཞུང་ནས་བོད་ཀྱི་ཆུ་བོ་དེ་དག་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་དེ་ཨེ་ཤེ་ཡའི་ཁུལ་དུ་དཀའ་ངལ་དང་རྙོག་གླེང་ཇི་ལྟར་བཟོ་བཞིན་ཡོད་པའི་སྐོར་དཔྱད་རྩོམ་ཞིག་སྤེལ་འདུག
སྐུ་ཞབས་(Chelleney)ལགས་ཀྱིས། རྒྱ་ནག་གིས་བོད་དང་། གཞན་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་བཙན་བཟུང་བྱས་པའི་རྗེས་ད་ཆ་རྒྱ་ནག་འདི་བཞིན་འཛམ་གླིང་ཐོག་ཆུའི་ནུས་ཤུགས་ཀྱི་ཐད་ནས་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་རྩོད་མེད་ཆགས་ཡོད་པ་དང་། ཉེ་བའི་ལོ་དུས་ནས་བཟུང་རྒྱ་ནག་གཞུང་ནས་བོད་ཀྱི་ཆུ་བོ་ཆེ་ཁག་སྟེང་ཆུ་ཤུགས་གློག་ཁང་དང་། ཆུ་རགས་འཛུགས་བསྐྲུན། དེ་བཞིན་ཆུ་ཁ་བསྒྱུར་གྱི་ལས་གྲ་རྒྱ་ཆེ་སྤེལ་ཏེ་ཆུའི་གཤམ་འོག་ཏུ་གནས་པའི་ཨེ་ཤེ་ཡའི་ཡུལ་ཁག་དང་། ལྷག་པར་དུ་(Mekong)་རྫ་ཆུ་རྒྱུག་སའི་(Vietnam)་དང་། (Burma) (Lao)་ལ་སོགས་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་རྒྱ་ནག་ལ་མ་བསྟུན་ཐབས་མེད་ཀྱི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག
གོང་གསལ་དཔྱད་རྩོམ་ནང་གསལ་བར། རྒྱ་ནག་གཞུང་ནས་ཆུ་བེད་སྤྱོད་བྱ་ཕྱོགས་ཐད། ད་ཕན་ཨེ་ཤི་ཡའི་རྒྱལ་ཁབ་གཅིག་གི་མཉམ་དུ་ཡང་གྲོས་མཐུན་བཞག་མེད་ཀྱང་ཆུ་རྒྱུག་ཡུལ་རྒྱལ་ཁབ་ཁག་ནང་། ཆུ་ལོག་གི་རྐྱེན་ངན་འགོག་ཐབས་དང་། དེ་བཞིན་ཞིང་ལས་ཀྱི་ཐོན་སྐྱེད་དང་འབྲེལ་བའི་དབྱར་དུས་ཆར་ཞོད་སྐབས་གཙུང་ཆུའི་རྒྱ་ཁྱོན་དང་རྒྱུག་ཚད། དེ་བཞིན་གཙང་ཆུའི་ཁ་ཕྱོགས་སོགས་ཀྱི་གནས་ཚུལ་སྤེལ་རེས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། འོན་ཀྱང་དོན་དངོས་སུ་༢༠༡༧་ལྟ་བུར་མཚོན་ན། རྒྱ་ནག་གཞུང་ནས་རྒྱ་གར་ལ་བོད་ནས་ཐོན་པ་དང་རྒྱ་གར་ནང་རྒྱུག་བཞིན་པའི་གཙང་ཆུའི་གནས་བབ་སྐོར་གནས་ཚུལ་བརྗེ་རེས་གཅིག་ཀྱང་མ་བྱས་པའི་རྐྱེན་རྒྱ་གར་ནང་ཆུ་ལོག་ཉེན་སྲུང་གི་སྔོན་བརྡ་གང་ཡང་བྱུང་མེད་པའི་གནས་སྟངས་བཟོས་ཡོད་པའི་སྐོར་སྐུ་ཞབས་(Brahma Chelleney)་ཡིས་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎