རྒྱ་ནག་གཞུང་གིས་ཕི་ལི་ཕིན་གྱི་བྱ་སྤྱོད་ལ་ཉེན་བརྡ།

ས྄་པ་རཊ་ལི་ཞེས་པའི་ལྷོ་རྒྱ་ནག་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཚོ་གླིང་གི་བདག་དབང་ཐད་རྒྱ་ནག་དང་ཡུལ་གྲུ་གཞན་ཁ་ཤས་དབར་རྩོད་རྙོག།

2011.08.05

༄༅༎ས྄་པ་རཊ་ལི་ ཨའི་ལེན་ཌ་ ཞེས་པའི་ལྷོ་རྒྱ་ནག་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཚོ་གླིང་གི་བདག་དབང་ཐདརྒྱ་ནག་དང་ཕི་ལི་ཕིན་སི གཙོས་པའི་གཞན་ལྦེཌ་ནམ་དང་ སྦུ་རུ་ནིའི་མ་ལ་ཡ་ཤི་ཡ་དང་ཐེ་ལྦན་བཅས་དབར་རྩོད་རྙོག་ཆེན་པོ་ཡོད་པ་རེད

ཁ་ས་ཅའི་ན་ཌེ་ལི ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་གི་གླེང་བརྗོད་ནང་ཉེ་སྔོན་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ལྷན་འཛོམས་སྐབས། ས྄་པ་རཊ་ལི་ མཚོ་གླིང་གི་རྩོད་རྙོག་དེ་བཞིན་ཞི་མོལ་གྱི་ལམ་ནས་སེལ་ཕྱོགས་སྐོར་མཐུན་ཚོགས་ཀྱི་ཡུལ་ཁག་དབར་གྲོས་འཆམ་བྱུང་ནའང་། ཕི་ལི་ཕིན་སི གཞུང་ཕྱོགས་ནས་དེར་རྩིས་མེད་གཏོང་བཞིན་པ་དེ་ནིརྒྱ་ནག་གི་བདག་དབང་ལ་ཐེ་ཇུས་བྱས་པ་ཞིག་དང་། ཕི་ལི་ཕིན་སི གཞུང་གིས་རྩོད་གཞི་ཅན་གྱི་གནད་དོན་དེའི་ཐོག་རྩིས་ལོག་གི་སྲིས་ཇུས་ལག་བསྟར་བྱས་ཚེརྒྱ་ནག་ཕྱོགས་ནས་གདོང་ལེན་ཤུགས་ཆེ་བྱ་རྒྱུ་ཡིན་ལུགས་བཅས་ཉེན་བརྡ་བཏང་ཡོད་པ་རེད 

རྒྱ་ནག་ཉིན་རེའི་གསར་ཤོག་གི་གླེང་བརྗོད་ཐོག་ཉེན་བརྡའི་རྩོམ་བྲིས་དེ་བཞིནབདུན་ཕྲག་སྔོན་མ་ཕི་ལི་ཕིན་སི་ ས྄་ཊར་ ཞེས་པའི་གསར་ཤོག་གིས་ ས྄་པ་རཊ་ལི མཚོ་རྒྱུད་ནང་ ཕི་ལི་ཕིན་ སྐད་ཡིག་ཐོག་་པ་ཏཀ ཞེས་པ་དང་ཡང་རྒྱ་སྐད་ཐོག་ཧེཕ་ཞིན་ ཞེས་རྒྱལ་ཁབ་གཉིས་དབར་རྩོད་གཞི་ཅན་གྱི་མཚོ་གླིང་དེའི་ནང་། ཕི་ལི་ཕིན གྱི་བདེ་འཇགས་དམག་དཔུང་དང་མཚོ་གླིང་གི་བདག་དབང་སྲུང་སྐྱོབ་ཆེད་ ཕི་ལི་ཕིན་ གྱི་མཚོ་དམག་སྒྲིགས་འཛུགས་ནས་ དམག་མིའི་སྡོད་ཁང་གསར་འཛུགས་བྱ་རྒྱུ་ཡིན་སྐོར་གནས་ཚུལ་ཐོན་པ་ལས་བྱུང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎