རྒྱ་ནག་གིས་ཕེ་རན་སི་དང་ཚོང་འབྲེལ་ཆུང་དུ་གཏོང་རྒྱུའི་ཉེན་བརྡ།

༸གོང་ས་མཆོག་དང་ཕེ་རན་སི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་འཆར་གཞིར་རྒྱ་ནག་གཞུང་ཕྱོགས་ཁོང་ཁྲོ་ཆེན་པོ་ལངས་ཡོད་པ།

2008.12.02

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་རྣམ་གཉིས་མཇལ་འཕྲད་གནང་རྒྱུའི་འཆར་གཞིར་རྒྱ་ནག་གཞུང་ཕྱོགས་ཁོང་ཁྲོ་ཆེན་པོས་རྒྱ་ནག་དང་ཕེ་རན་སི་བར་གྱི་ཚོང་གི་འབྲེལ་ལམ་ཆུང་དུ་གཏོང་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།

དེ་ཡང་གཟའ་འཁོར་རྗེས་མའི་ནང་པོའོ་ལེན་ཡུལ་གྲུའི་ནང་ཚོགས་རྒྱུའི་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཚོགས་རྒྱུ་ཡིན་ཡང་རྒྱ་ནག་ཕྱོགས་ནས་ཕེ་རན་སི་སྲིད་འཛིན་གྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་ཡིན་པ་དེར་ངོ་རྒོལ་རྣམ་འགྱུར་མཚོན་ཕྱིར་ལྷན་ཚོགས་ནང་རྒྱ་ནག་མཉམ་ཞུགས་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་རྒྱ་ནག་ཕྱོགས་ཀྱི་བྱ་སྤྱོད་དེ་ཡིས་ཡུལ་གྲུ་གཉིས་བར་གྱི་ཚོང་ལས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ན་ནིང་ཡང་རྒྱ་ནག་ཕྱོགས་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཇར་མ་ནིའི་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྲིད་བློན་གྱི་ཕོ་བྲང་དུ་མཇལ་འཕྲད་ཞུས་པར་ཁོང་ཁྲོ་ཆེན་པོས་ཇར་མ་ནི་གཞུང་དང་སྲིད་བློན་ལྕམ་ཨེན་ཇེ་ལ་མར་ཀེལ་མཆོག་ལ་སྐྱོན་བརྗོད་དྲག་པོ་ཞུས་པ་མ་ཟད་རྒྱ་ནག་དང་ཇར་མ་ནི་བར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་གཅིག་མཚུངས་བཏང་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་བསྐྱར་ཏུ་ཕེ་རན་སི་སྲིད་འཛིན་གྱི་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞིར་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་ཡོད་པའི་གསལ་བཤད་བྱས་པ་དང་ཡིན་ནའང་གསར་འགོད་པའི་ཁྲོད་ནས་རྒྱ་ནག་གི་ཚོང་འབྲེལ་གྱིས་ཕེ་རན་སིའི་ཚོང་ལས་ཀྱི་འབྲེལ་ལམ་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་དམ་ཞེས་སྐད་ཆ་འདྲིས་པར་ལན་འདེབས་གང་ཡང་མ་བྱས་པར་ངའི་ངོས་ནས་ཕེ་རན་སི་ཕྱོགས་ནས་ང་ཚོའི་ལངས་ཕྱོགས་གསལ་པོ་ཡིན་པ་མཁྱེན་རྟོགས་ཡོད་པ་ཡིད་ཆེས་ཡོད་ཅེས་དང་ཕེ་རན་སི་ཕྱོགས་ནས་འདེམས་ཀ་མ་ནོར་ཞིག་བྱ་རྒྱུའི་རེ་བ་དང་ལྷག་པར་དུ་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལྷན་ཚོགས་དེར་ཁོར་ཡུག་དང་ཆ་རྐྱེན་ཡག་པོ་ཞིག་སྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎