རྒྱ་ནག་གི་སྲིད་བློན་གཞོན་པས་ཁོར་ཡུག་སྐོར་གྱི་གཏམ་བཤད།

རྒྱ་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་ཐོག་གི་དཔྱ་ཁྲལ་ལ་བསྒྱུར་བཅོས་གཏོང་རྒྱུའི་ལས་དོན་མགྱོགས་སུ་གཏོང་དགོས་ལུགས།

2011.02.11

༄༅༎རྒྱ་ནག་གི་སྲིད་བློན་གཞོན་པ་ལིའི་ཁཨའ་ཆིང་གིས་ཚན་རིག་ཉམས་ཞིབ་པ་དང་གཞུང་གི་ལས་བྱེད་པའི་ལྷན་ཚོགས་ཤིག་གི་ཐོག་ཁོར་ཡུག་གནས་སྟངས་སྲིད་བྱུས་སྐོར་གསུང་བཤད་གནང་བའི་སྐབས་ རྒྱ་ནག་ནང་ཁོར་ཡུག་སྦག་བཙོག་གི་དཀའ་ངལ་ལ་གདོང་ལེན་དང་དེ་བཞིན་ནུས་པའི་འབྱུང་ཁུངས་གྲོན་ཆུང་ཐུབ་རྒྱུར་རྒྱ་ནག་གཞུང་གིས་ངེས་པར་དུ་གཏེར་ཁའི་ཐོན་ཁུངས་ཐོག་གི་དཔྱ་ཁྲལ་ལ་བསྒྱུར་བཅོས་གཏོང་རྒྱུའི་ལས་དོན་མགྱོགས་སུ་གཏོང་དགོས་ལུགས་གསུང་ཡོད་འདུག སྲིད་བློན་གཞོན་པ་ལིའུ་ཁཨའ་ཆིང་གིས་གཏམ་བཤད་གནང་བའི་ནང་ནུས་པའི་འབྱུང་ཁུངས་གནས་སྟངས་ཐོག་གི་སྐྱོན་བརྗོད་ལ་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་དཔལ་འབྱོར་གྱི་དམིགས་ཡུལ་ལ་སེམས་འཚབ་བྱེད་དགོས་ཡས་ཤིག་ཆགས་ཀྱི་ཡོད་པ་དང་ རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ཐོག་མོས་མཐུན་བྱུང་བའི་རྒྱ་ནག་གི་ནུས་པའི་འབྱུང་ཁུངས་སྐོར་གྱི་ལོ་ལྔའི་སྲིད་བྱུས་ཚད་གཞི་དེ་བཞིན་ད་ལོ་དུས་བཀག་གཙང་གི་ཡོད་ཅིང་ ཕྱི་རྒྱལ་ཡུལ་ཁག་གིས་རྒྱ་ནག་དེ་བཞིན་ཁོར་ཡུག་སྦག་བཙོག་བཟོ་མཁན་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པའི་སྐྱོན་བརྗོད་སོགས་བྱེད་མིན་ལ་མ་ལྟོས་པར་ རྒྱ་ནག་གཞུང་གིས་ གཏེར་ཁ་བསྔོགས་འདོན་གྱི་ལས་དོན་མཚམས་འཇོག་ཐུབ་རྒྱུ་ཁག་པོ་ཡིན་ཞིང་ རྒྱ་ནག་གི་ནུས་པའི་འབྱུང་ཁུངས་དགོས་མཁོའི་བརྒྱ་ཆ་བདུན་བཅུ་ཙམ་གཏེར་ཁའི་ཐོག་ནས་ཡོང་གི་ཡོད་པ་དང་ དེར་བརྟེན་རྒྱ་ནག་གི་ནུས་པའི་འབྱུང་ཁུངས་ཀྱི་ཡོངས་ཁུངས་གཙོ་བོ་དེ་གཏེར་ཁ་ཡིན་པའི་གཞི་རྩའི་སྒྲིག་གཞི་ཁག་ལ་འགྱུར་ལྡོག་གཏོང་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ཅིང་ གལ་སྲིད་ང་ཚོས་རྒྱལ་སྤྱིའི་ཁྲོམ་རའི་བློ་ཡིད་ཚིམ་རྒྱུར་དམིགས་ནས་ནུས་པའི་འབྱུང་ཁུངས་མཁོ་འདོན་བྱས་ཚེ་་དེར་ཉེན་ཁ་ཆེན་པོ་ཞིག་ཡོད་པ་མ་ཟད་མ་དངུལ་ཡང་འཕོན་ཆེ་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གཏམ་བཤད་སྤེལ་བ་རྒྱ་ནག་གི་ཁོར་ཡུག་སྐོར་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎