སི་པན་གྱི་དཔལ་འབྱོར་དཀའ་གནད་ལས་ཐར་རེའི་རྩོམ་བྲིས།

རྒྱ་ནག་གི་སྲིད་བློན་གཞོན་པས་རྩོམ་བྲིས་གནང་བའི་ནང་སི་པན་ཡུལ་གྱི་དལྟའི་དཔལ་འབྱོར་གྱི་དཀའ་གནད་དེ་ནས་ཐར་བའི་རེ་བ་ཡོད་སྐོར་བྲིས།

2011.01.03

༄༅༎རྒྱ་ནག་གི་སྲིད་བློན་གཞོན་པ་སྐུ་ཞབས་ལི་ཀེ་ཆིའང་ཡིས་སི་པན་ཡུལ་གྱི་གསར་ཤོག་ཅིག་ནང་རྩོམ་བྲིས་གནང་བའི་ནང་སི་པན་ཡུལ་གྱི་དལྟའི་དཔལ་འབྱོར་གྱི་དཀའ་གནད་དེ་ནས་ཐར་བའི་རེ་བ་ཡོད་སྐོར་རྩོམ་བྲིས་ཤིག་སྤེལ་ཡོད་པ་རེད་

ལི་ཀེ་ཆིའང་ཡིས་རྩིམ་བྲིས་དེ་སི་པན་ཡུལ་གྱི་གསར་ཤོག་ཨེལ་པ་ཨིསི་ཞེས་པ་དེའི་ནང་སྤེལ་ཡོད་པ་དང་ཁོང་གི་རྩོམ་བྲིས་དེ་ཁོང་ཡུལ་དེ་དང་དབྱིན་ཡུལ་ ཇར་མ་ནི་བཅས་པའི་ཡུལ་ཁག་ལ་རྒྱལ་དོན་འཚམས་གཟིགས་སུ་མ་ཕེབས་པའི་ཉིན་གཅིག་གོང་རྩོམ་བྲིས་དེ་འདོན་སྤེལ་གནང་ཡོད་པ་རེད་ ཁོང་གི་རྩོམ་བྲིས་དེའི་ནང་སི་པན་ཡུལ་གྱིས་ཡུལ་དེའི་དཔལ་འབྱོར་ཐོག་བཅོས་བསྒྱུར་བཏང་བ་དེར་རྒྱ་ནག་གིས་རྒྱབ་བསྐྱོར་གནང་གི་ཡོད་པ་དང་མ་འོངས་པར་སི་པན་ཡུལ་གྱི་དཔལ་འབྱོར་དེ་བསྐྱར་གསོ་ཡོང་རྒྱུར་ཡིད་ཆེས་ཡོད་སྐོར་བྲིས་གནང་ཡོད་པ་རེད་           སི་པན་ཡུལ་གྱི་དཔལ་འབྱོར་ནང་མ་རྩ་འཇོག་མཁན་རྣམས་ཀྱིས་ཡུལ་དེའི་གཞུང་གི་ཡོང་སྒོ་དང་འགྲོ་སོང་ཁ་མ་འདུམ་པའི་གནས་སྟངས་དེར་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་

སི་པན་ཡུལ་གྱི་དཔལ་འབྱོར་དེ་ཡོ་རོབ་ཀྱི་ཡུལ་གྲུ་གི་རིསི་དང་པོར་ཅུ་གལ་ ཨ་ཡར་ལེན་བཅས་གཅིག་ཏུ་བསྡུས་པ་ལས་ཆེ་བ་ཡོད་པ་དང་ཡུལ་དེའི་དཔལ་འབྱོར་ཉམས་གསོའི་ལས་དོན་དེ་ཡོ་རོབ་ཀྱི་ཡུལ་གྲུའི་ནང་གི་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད་ ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་༩པའི་ནང་སི་པན་གཞུང་གི་ཡོང་སྒོ་དང་འགྲོ་སོང་ཁ་མ་འདུམ་པའི་དངུལ་བབས་དེ་ཡུལ་དེའི་ཁྱོན་ཡོངས་ཀྱི་ཐོན་ཁུངས་GDPཞེས་པའི་བརྒྱ་ཆ་༥༣དང་ཚགས་༢ནས་བརྒྱ་ཆ་༥༧དང་ཚགས་༧བར་འཕར་ཡོད་པ་རེད་ རྒྱ་ནག་གི་སྲིད་བློན་གཞོན་པ་ལི་ཀའི་ཆིང་མཆོག་གི་ད་ཐེངས་ཀྱི་སི་པན་ཡུལ་གྱི་འཚམས་གཟིགས་དེའི་སྐབས་ཡུལ་གཉིས་བར་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་དེ་རྒྱ་སྐྱེད་དང་སི་པན་ཡུལ་གྱི་ཁྲོམ་རའི་ཐོག་གདེང་འཇོག་དེ་སླར་གསོ་གནང་ཐུབ་པ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་ བདུན་སྔོན་མ་དེར་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཡོ་རོབ་གླིང་ཆེན་དེ་རྒྱ་ནག་གཞུང་ལ་ཕྱི་རྒྱལ་གྱི་དངུལ་འཕར་མ་འཕོན་ཆེ་ཡོད་པ་དེ་དག་མ་རྩ་འཛུགས་འཇོག་གནང་ཡུལ་ཆགས་རྒྱུ་ཡིན་སྐོར་གཏམ་བཤད་བྱས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎