ཨ་རིའི་དམག་གྲུའི་སྐོར་བསྐྱོད་ལ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག


2017.02.21
ཨ་རིའི་དམག་གི་གནམ་གྲུ་འབབ་སའི་USS  Nimitz་རྟགས་ཅན་གྱི་དམག་གི་གྲུ་གཟིངས། ༢༠༡༧།༢།༢༠ ཨ་རིའི་དམག་གི་གནམ་གྲུ་འབབ་སའི་USS Nimitz་རྟགས་ཅན་གྱི་དམག་གི་གྲུ་གཟིངས། ༢༠༡༧།༢།༢༠
U.S Navy

ཨ་རིའི་དམག་གི་གྲུ་གཟིངས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་སྐོར་བསྐྱོད་བྱས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་འདུག
ཨ་རིའི་དམག་གི་གྲུ་གཟིངས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་བལྟ་ཞིབ་སྐོར་བསྐྱོད་བྱས་པའི་རྗེས། འདི་ཚེས་༢༡་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ན་ཡང་མཚོ་ཐོག་འགྲོ་བསྐྱོད་རང་དབང་ལ་ཁ་གཡར་ནས་གཞན་གྱི་བདག་དབང་མཚོ་ཁུལ་དུ་སྐོར་བསྐྱོད་ལས་དོན་སྤེལ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག
ཨ་རིའི་མཚོ་དམག་ཚན་པས་གནས་ཚུལ་ཕྱིར་བསྒྲགས་བྱས་པར་ལྟར་ན། གཟའ་སྤེན་པ་ནས་བཟུང་ཨ་རིའི་དམག་གི་གནམ་གྲུ་འབབ་སའི་USS  Nimitz་རྟགས་ཅན་གྱི་དམག་གི་གྲུ་གཟིངས་གཙོས་པའི་ཨ་རིའི་དམག་གྲུས་བདག་དབང་ཐོག་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་རྒྱུན་ལྡན་གྱི་སྐོར་བསྐྱོད་ལས་དོན་སྤེལ་བཞིན་ཡོད་པ་བརྗོད་ཡོད་པ་རེད། ཡིན་ནའི་རྒྱ་ནག་གཞུང་གིས་ཨ་རིའི་རྒྱུན་ལྡན་གྱི་མཚོ་ཐོག་དམག་གྲུའི་སྐོར་བསྐྱོད་དེ་བཞིན་རྒྱ་ནག་གི་མཚོ་ཁུལ་བདག་དབང་གི་བདེ་འཇགས་ལ་ཉེན་ཚབས་བཟོ་གིན་ཡོད་ལུགས་བརྗོད་ཀྱི་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Geng Shuang་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་བཞིན་མཚོ་ཐོག་འགྲོ་སྐྱོད་རང་དབང་ལ་སྲུང་བརྩི་ཞུ་བཞིན་ཡོད། ཡིན་ན་ཡང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ན་ཡང་འཇིགས་སྐུལ་དང་མཚོ་ཁུལ་རྒྱལ་ཁབ་ཁག་གི་བདག་དབང་དང་བདེ་འཇགས་ལ་གནོད་ཚབས་བཟོ་རྒྱུར་མཐའ་གཅིག་ཏུ་ནས་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པའི་གཏམ་བཤད་འདི་ནི་ཨ་རིའི་དམག་གྲུས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་རྒྱུན་ལྡན་སྐོར་བསྐྱོད་ལས་དོན་སྤེལ་བཞིན་པའི་གནད་དོན་ཐོག་རྒྱ་ནག་གཞུང་འབྲེལ་གྱི་ལན་འདེབས་བྱས་པ་ཐོག་མ་དེ་ཡིན་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎