རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་ཚག་ཚད་ཆུང་དུ་ཕྱིན་སྐོར།

རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་ཚག་ཚད་ཕྲན་བུ་ཆུང་དུ་ཕྱིན་ཡོད་པ་དང་དེས་ཡུལ་གྲུ་གཞན་ཁག་གི་དཔལ་འབྱོར་ཉམ་པ་སླར་གསོའི་རྣམ་པ།

2009.10.14

༄༅༎རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་ཚག་ཚད་ཕྲན་བུ་ཆུང་དུ་ཕྱིན་ཡོད་པ་དང་དེས་འཛམ་གླིང་ཡུལ་གྲུ་གཞན་ཁག་གི་དཔལ་འབྱོར་ཉམ་པ་སླར་གསོའི་རྣམ་པ་ཐོན་གྱི་ཡོད་པ་རེད། རྒྱ་གཞུང་གིས་དཔལ་འབྱོར་ཉམ་པ་སླར་གསོའི་ཆེད་དུ་གཞུང་གྲོན་ཨ་སྒོར་ཐེར་འབུམ་༥༩༦བཏང་དང་གཏོང་བཞིན་པའི་དབང་གིས་དཔལ་འབྱོར་སླར་གསོར་ཕན་ནུས་ཆེན་པོ་འབྲེལ་ཡོད་ཅིང་འདས་པའི་ཟླ་ཤས་དང་བསྡུར་ན་རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་དང་ནང་འདྲེན་གཉིས་ཀར་ཚག་ཚུད་ཆུང་དུ་ཕྱིན་པ་དེས་ཡུལ་གྲུ་གཞན་གྱི་དཔལ་འབྱོར་སླར་གསོ་ཡོང་གི་ཡོད་པའི་རྟགས་མཚན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེང་འཛམ་གླིང་ནང་དཔལ་འབྱོར་སྟོབས་ཤུགས་ཨང་གསུམ་པ་རྒྱ་ནག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་རྒྱ་ནག་གཞུང་གི་དངོས་ཟོག་ཕོག་ཆེ་འཛམ་གླིང་ཡུལ་གྲུ་དུ་མའི་ནང་ཕྱིར་བཙོང་བྱེད་ཀྱི་ཡོད་སྟབས་བར་ལམ་ཕྱིར་བཙོང་གི་བསྡོམས་འབོར་ཆག་པའི་དཀའ་ངལ་འཕྲད་པར་བརྟེན་རྒྱ་ནག་གཞུང་གིས་ཕྱིར་བཙོང་ཁྲལ་བབས་བཅོག་འཁྲི་བྱས་པ་མ་ཟད་ཕྱིར་བཙོང་དངོས་ཟོག་གི་སྒོ་ཁྲལ་ཕྱིར་སློག་བྱ་རྒྱུའི་དངུལ་འབོར་ཡང་སྤར་ཆ་བྱས་ཡོད་པ་རེད།

དེ་བཞིན་རྒྱ་ནག་གི་དངུལ་ཡུའན་གྱི་རིན་གོང་རྒྱ་ནག་གིས་གཏན་འབེབས་བྱེད་ཀྱི་ཡོད་སྟབས་བར་ལམ་ཌོ་ལར་དང་འཛའ་སྒྱུར་སྤར་ཆ་མེད་པར་རྒྱ་ནག་གི་དངུལ་གྱི་འཛའ་ཐང་དམའ་པོར་བཞག་སྟེ་ཕྱིར་བཙོང་བྱེད་མཁན་ཚོང་པར་གཙང་ཁེ་མཐོ་བ་དང་ཕྱི་རྒྱལ་ཡུལ་དུ་རྒྱ་ནག་གི་དངོས་ཟོག་རིན་གོང་དམའ་བོར་མཁོ་སྤྲོད་ཐུབ་པ་བཟོ་ཐབས་བྱེད་བཞིན་པ་རེད། གང་ལྟར་རྒྱ་ནག་གཞུང་གི་དཔལ་འབྱོར་ནི་རྒྱ་ནག་ནང་བཟོས་པའི་དངོས་ཟོག་ཕྱིར་བཙོང་གི་དཔལ་བྱོར་འདུ་འགོད་ལ་རག་ལུས་ཀྱི་ཡོད་པས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་གནས་ཐུབ་ཐབས་སུ་དངོས་ཟོག་ཕྱིར་བཙོང་ལ་འཕེལ་རྒྱས་འགྲོ་དགོས་ཀྱི་ཡོད་ཅིང་རྒྱ་ནག་གི་དངོས་ཟོག་ཕྱིར་བཙོང་ལ་འཕར་ཆ་ཡོང་གི་ཡོད་པའི་རྣམ་པ་ཐོན་གྱི་ཡོད་པའི་སྐོར་དཔལ་འབྱོར་རིག་པ་ཚོས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎