རྒྱ་ནག་དང་རོ་མ་ཎི་ཡའི་མཛའ་འབྲེལ་གོང་མཐོར་སྤེལ་དགོས་ལུགས།

རྒྱ་ནག་གི་ཆབ་སྲིད་སློབ་སྟོན་པ་གཙོ་གྲས་ཅཱ་ཆིང་ལིན་རྒྱ་ནག་དང་རོ་མ་ཎི་ཡའི་མཛའ་འབྲེལ་གོང་མཐོར་སྤེལ་དགོས་ལུགས་གསུངས་ཡོད་འདུག

2008.06.22

༄༅༎རྒྱ་ནག་གི་ཆབ་སྲིད་སློབ་སྟོན་པ་གཙོ་གྲས་ ཅཱ་ཆིང་ལིན་ རྒྱ་ནག་དང་རོ་མ་ཎི་ཡའི་མཛའ་འབྲེལ་གོང་མཐོར་སྤེལ་དགོས་ལུགས་གསུངས་ཡོད་འདུག

རོ་མ་ཎི་ཡའི་གྲོས་ཚོགས་ཀྱི་དབུ་ཁྲིད་ ནི་ཀོ་ལའེ་ ལྦ་ཀ་རོའེའུ་ རྒྱ་ནག་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་སྐབས་ རྒྱ་ནག་གི་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ ཅཱ་ཆིན་ལིན་གྱིས་རྒྱལ་ཁབ་གཉིས་དབར་ཡུན་རིང་ནས་གནས་པའི་མཛའ་འབྲེལ་དེ་སོར་གནས་ཡོང་བའི་ཆེད་དུ་སླད་ཕྱིན་ཆད་ནས་ཀྱང་གང་ཅིའི་ཐད་འབྲེལ་ལམ་མཇུག་སྐྱོང་གནང་དགོས་ལུགས་གཏམ་བཤད་གནང་འདུག ཁོང་ཟླ་བ་སྔོན་མ་རོ་མ་ཎི་ཡར་འཚམས་འདྲིའི་གཟིགས་སྐོར་བསྐྱོད་ཡོད་འདུག ཡུལ་གཉིས་དབར་གཞུང་འབྲེལ་འགོ་བཙུགས་ནས་ལོ་༦༠འཁོར་རན་པའི་སྐབས་འདིར་ཡུལ་གཉིས་ཀྱི་ཆེས་མཐོའི་དབུ་ཁྲིད་ཕན་ཚུན་གཟིགས་སྐོར་དུ་བསྐྱོད་རྒྱུ་མཚོན་པའི་འབྲེལ་ལམ་གོང་མཐོར་སྤེལ་དགོས་པ་དང་ ལྷག་དོན་དུ་ཐའེ་ལྦན་དང་བོད་དོན་སྐོར་རོ་མ་ཎི་ཡའི་གཞུང་གིས་རྒྱ་ནག་གཞུང་ལ་རྒྱབ་བསྐྱོར་གནང་བ་དེར་བསྔགས་བརྗོད་གནང་འདུག ལྦ་ཇ་རོའེའུ་ཡིས་ རོ་མ་ཎི་ཡའི་གཞུང་གིས་རྒྱ་ནག་གཅགས་ཀྱི་སྲིད་ཇུས་ངོས་ལེན་གནང་བཞིན་པ་དེར་འགྱུར་བ་མེད་པ་དང་ བཱེ་ཅིང་ནང་ཨོ་ལིམ་པིག་རྩེད་འགྲན་ལམ་ལྷོངས་ཡོང་བའི་འཚམས་འདྲི་ཞུས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎