ཨ་རིའི་རྒྱལ་སྲུང་སྡེ་ཚན་གསར་པར་རྒྱ་ནག་གིས་དགའ་བསུ།

རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་སྲིད་འཛིན་གསར་པའི་རྒྱལ་ཡོངས་སྲུང་སྐྱོབ་སྡེ་ཚན་གྱི་ལྷན་དུ་མཉམ་ལས་གནང་རྒྱུའི་འདུན་པ་ཡོད་བཤད་འདུག

2008.12.02

༄༅༎རྒྱ་ནག་གཞུང་གིས་ཉེ་ཆར་གསར་དུ་འོས་འདེམས་བྱུང་བའི་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་སྦ་རཀ་ཨོ་སྦ་མ་ཡི་རྒྱལ་ཡོངས་སྲུང་སྐྱོབ་སྡེ་ཚན་གྱི་ལྷན་དུ་མ་འོངས་པར་མཉམ་ལས་གནང་རྒྱུའི་འདུན་པ་ཡོད་ལུགས་དང་ཨོ་སྦ་མ་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་བའི་ལྕམ་ཧི་ལ་རི་ཁི་ལིན་ཊོན་དང་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པར་བསྐོ་བཞག་གནང་བའི་སྐུ་ཞབས་ཇེམ་སི་ཇོན་སི་གཉིས་ལ་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་རེད།

དེ་རིང་རྒྱ་ནག་གི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་བཤད་དོན་ལ་རྒྱ་ནག་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་ཡིས་ཨ་མི་རི་ཀའི་མ་འོངས་པའི་གཞུང་གསར་པའི་ཕྱི་སྲིད་དྲུང་ཆེ་དང་སྲུང་སྐྱོབ་སློབ་སྟོན་པ་རྣམ་གཉིས་བསྐོ་བཞག་བྱུང་བ་དེར་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་བཏང་ཟིན་པའི་སྐོར་དང་ཉེ་བའི་ལོ་རབས་ནང་རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་ལམ་ཐད་བཟང་ཕྱོགས་ཀྱི་ཡར་རྒྱས་ཕྱིན་ཡོད་ལུགས་དང་མ་འོངས་པར་ཡང་གཞུང་གསར་པའི་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་མཉམ་འབྲེལ་གྱི་ལས་དོན་སྔར་བས་ཡར་རྒྱས་དང་གོང་འཕེལ་ཕྱོགས་སུ་བསྐྱོད་རྒྱུའི་འདུན་པ་ཡོད་ལུགས་བཤད་ཡོད་པ་རེད། ཡིན་ནའང་གསར་འགོད་པའི་ཁྲོད་ནས་འདི་ལོ་རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས་ལྕམ་ཧི་ལ་རི་ཁི་ལིན་ཊོན་ཡིས་སྲིད་འཛིན་ཇོ་ཇེ་སྦུཤི་མཆོག་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པས་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་རྒྱུ་མེད་པའི་འབོད་སྐུལ་ཞུས་པའི་གནས་ཚུལ་དྲན་གསོ་བྱེད་པའི་སྐབས་ཐད་ཀར་ལན་འདེབས་མ་བྱས་པར་དེ་ལས་གཡོལ་ཏེ་ཨོ་ལིམ་པིག་རྩེད་འགྲན་ལམ་ལྷོང་བྱུང་ཡོད་ལུགས་དང་སྲིད་འཛིན་སྦུཤི་འགོ་འབྱེད་མཛད་སྒོར་ཕེབས་པ་དང་སྲིད་འཛིན་སྦུཤི་ཕྱོགས་ནས་འགོ་འབྱེད་མཛད་སྒོར་ཕེབས་རྒྱུའི་ཐག་གཅོད་གནང་བ་དེ་ནི་ཡག་པོ་དང་འགྲིག་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎