རྒྱ་ནག་གི་ཁྲིམས་དཔོན་མཐོ་ཤོས་ལྐོག་ངན་ལེན་པའི་ནག་ཉེས།

རྒྱ་ནག་གི་ཁྲིམས་དཔོན་མཐོ་ཤོས་ཞིག་གིས་རྒྱ་སྒོར་ས་ཡ་བཞི་ལྷག་ལྐོག་ངན་ལེན་པའི་ནག་ཉེས་ཀྱི་ཐོག་ནས་རིང་མིན་ཁྲིམས་བཤེར་བྱ་རྒྱུ།

2010.01.03

༄༅༎རྒྱ་ནག་གི་ཁྲིམས་དཔོན་མཐོ་ཤོས་ཞིག་གིས་རྒྱ་མིའི་སྒོར་མོ་ས་ཡ་བཞི་ལྷག་ལྐོག་ངན་ལེན་པའི་ནག་ཉེས་ཀྱི་ཐོག་ནས་རིང་མིན་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དང། ཁྲིམས་དཔོན་དེས་ལྐོག་ངན་ལེན་པའི་གྱོད་དོན་དེ་ནི་རྒྱ་ནག་རྒྱལ་ཁབ་ལ་འཕྲད་པའི་ཁྲིམས་ཀྱི་དཔོན་རིགས་ཀྱིས་ལྐོག་ཟ་བྱས་པའི་གྱོད་དོན་ཆེ་ཤོས་ཞིག་ཡིན་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་ཀྲོང་ཆིང་ཉིན་རེའི་ཚགས་པ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧུའང་སོང་ཡུའུ་ནི་རྒྱ་ནག་མི་དམངས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ཡིན་ཞིང། ཁོང་གིས་ལྐོག་ངན་ལེན་པའི་གྱོད་དོན་ཐོག་ཕྱི་ཟླ་གསུམ་པའི་འགོ་སྟོད་དུ་རྒྱ་ནག་མི་དམངས་འཐུས་མའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་སྔོན་དུ་ཁྲིམས་བཤེར་བྱ་རྒྱུའི་འཆར་གཞི་ཡོད་ཅིང། ལྷག་པར་དུ་ཁོང་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་དེ་ནི་ཕྱི་ལོ་༡༩༤༩ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པ་ནས་བཟུང་ད་བར་མི་ལོ་༦༠ ནང་རྒྱ་ནག་ནང་ཁྲིམས་དཔོན་གྱི་ལྐོག་ཟའི་གྱོད་དོན་ཐོག་ལ་ཁྲིམས་བཤེར་བྱེད་པའི་ནང་ནས་ཁྲིམས་དཔོན་མཐོ་ཤོས་དེ་ཡིན་པ་རེད། ལོ་ན་༥༢ཡིན་པའི་ཧུའང་ཡིས་ཁྲིམས་དཔོན་གྱི་གོ་གནས་འཛིན་པའི་རིང་ལ། དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་ནག་ཉེས་དང། ཁྲིམས་འགལ་གྱི་ཐོག་ནས་གཞན་གྱི་དཔལ་འབྱོར་གྱི་ལྐོག་ངན་ལེན་པ། ལྐོག་ཟ་རུལ་སུངས་བྱས་པ། བག་མེད་ལོངས་སྤྱོད་ཁོ་ནའི་མི་ཚེ་བསྐྱལ་བ་སོགས་ཀྱི་ནག་ཉེས་ཉེས་འཛུགས་བྱས་ཡོད་པ་རེད། རྒྱ་ནག་གི་ལྷོ་ཕྱོགས་ཀྱི་ཉེན་རེའི་གསར་པར་ཐོག་ལ། ལྷོ་ཕྱོགས་ཀུའང་ཀྲུ་ཞིང་ཆེན་གྱི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་དབྱང་ཤན་ཁའེ་གཙོས་པའི་ཀུའང་ཀྲུ་ཞིང་ཆེན་གྱི་རྒྱལ་ས་ཀུའང་ཏུང་གི་གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དཔོན་རིགས་༣༦ལ་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་དེ་དང་ལག་འབྲེལ་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎