བོད་ཕྱོཊ་ནས་རི་བོ་ཇོ་མོ་གླང་མར་འཛེག་རྒྱུ་བཀག་སྡོམ་གསལ་བསྒྲཊ།


2017.06.08
ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་གད་སྙིགས་གཙང་བཟོ་བྱེད་བཞིན་པ། ༢༠༡༧ ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་གད་སྙིགས་གཙང་བཟོ་བྱེད་བཞིན་པ། ༢༠༡༧
CCTV

པོ་ལན་ཊི་Polandགྱི་རི་འཛེག་མཁན་ཞིག་ནས་ཟླ་བ་སྔོན་མ་གཞུང་འབྲེལ་གྱི་ཆོག་མཆན་མེད་པར་བོད་ནས་བལ་ཡུལ་དུ་འཛུལ་ཞུགས་བྱས་པའི་རྗེས་ཁ་ས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་རི་འཛེགས་མཁན་ཚོར་བོད་ཕྱོགས་ནས་རི་བོ་ཇོ་མོ་གླང་མར་འཛེག་རྒྱུ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག
དེ་ཡང་བོད་ཀྱི་རི་འཛེགས་མཐུན་ཚོགས་ཞེས་པས་རེས་གཟའ་ལྷག་པར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ལོ་སྟོན་དུས་རི་འཛེག་གི་དུས་ཚོད་སྐབས། ཕྱིའི་རི་འཛེག་པ་ཚོར་རི་བོ་ཇོ་མོ་གླང་པ་དང་། Cho Oyuདེ་བཞིན་ཤི་ཤི་པང་མ་ལ་སོགས་པའི་བོད་ཕྱོགས་ཀྱི་རི་བོ་ཆེ་ཁག་ཡོངས་རྗོགས་ལ་རི་འཛེག་ཀྱི་ཆོག་མཆན་སྤྲོད་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་བྱས་འདུག
དེ་ལྟར་ཐག་གཅོད་བྱ་དགོས་དོན་ནི། ཉེ་སྔོན་ཕྱི་ཟླ་༥པའི་ནང་ Poland གྱི་མི་སེར་ཡིན་པ་རི་འཛེགས་པ་Adamskiཞུ་བ་ཞིག་ནས་རྒྱ་ནག་གཞུང་གི་ཆོག་མཆན་མེད་པར་བོད་ཕྱོགས་ཀྱི་ཇོ་མོ་གླང་མའི་བྱང་ངོས་ནས་རི་འཛེགས་བྱས་ཏེ་ཇོ་མོ་གླང་མའི་ཤར་ངོས་བལ་ཡུལ་དུ་འཛུལ་བཞུགས་བྱས་པའི་གནད་དོན་ལ་ཐུག་ཡོད་པ་བརྗོད་འདུག
བལ་ཡུལ་ནང་རྟེན་གཞི་བྱས་པའི་Seven Summit Treks ཞེས་རི་འཛེགས་ཁེ་ལས་ཀྱི་འགན་འཛིན་མིག་མར་ཤར་པ་ཞུ་བས། རྒྱ་ནག་གཞུང་ནས་གོང་གསལ་བསྒྲགས་སྤེལ་བའི་གནས་ཚུལ་དངོས་འབྲེལ་ཡིན་པ་ར་སྤྲོད་བྱས་པའི་ཐོག་རྒྱ་ནག་ཕྱོགས་ནས་འདི་ལྟ་བུའི་རི་འཛེགས་བཀག་སྡོམ་གྱི་ཐག་གཅོད་ཡང་སེ་བྱ་སྲོལ་ཡོད་ཀྱང་ཐག་གཅོད་ལ་འགྱུར་བ་ཡང་སེ་བཏང་སྲོལ་ཡོད་པའི་སྐོར་ཧྥརན་སི་གསར་ལས་ཁང་ལ་བརྗོད་འདུག
རྒྱ་ནག་གཞུང་ནས་རི་འཛེགས་ཀྱི་ཆོག་མཆན་བཀག་སྡོམ་གྱི་ཐག་གཅོད་གསལ་བསྒྲགས་བྱས་པའི་རྗེས། སྤྱི་ཚོགས་དྲ་ལམ་ཐོག་རི་འཛེགས་པ་མང་པོས་Polandགྱི་རི་འཛེགས་པ་Adamski གྱིས་ཆོག་མཆན་མེད་པར་རི་འཛེགས་བྱས་པ་དེར་རང་ཤེད་ཀྱི་བྱེད་སྟངས་ཤིག་ཡིན་ལུགས་སོགས་ཀྱི་སྐྱོན་བརྗོད་ཐོན་ཞིག་འདུག་པ་མ་ཟད། བལ་ཡུལ་གྱི་ཡུལ་སྐོར་ལྷན་ཁང་གི་མགྲིན་ཚབ་པ་Durgal Dutta Dhakalཞུ་བས། རི་འཛེགས་པ་Adamskiལ་བལ་ཡུལ་གཞུང་ནས་ལོ་ངོ་༡༠རིང་། བལ་ཡུལ་ནང་རི་འཛེགས་བྱ་མི་ཆོག་པའི་ཉེས་ཆད་འགེལ་རྒྱུ་དང་། ད་ལྟ་བལ་ཡུལ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་ལུགས་ཧྥརན་སི་གསར་ལས་ཁང་ལ་བརྗོད་འདུག
རི་འཛེགས་མཁན་Adamskiཡིས་ཟླ་བ་སྔོན་མ་བོད་ཕྱོགས་ནས་ཇོ་མོ་གླང་མར་རི་འཛེགས་བྱས་ཏེ་མཐར་བལ་ཡུལ་ཕྱོགས་ལ་འབྱོར་སྐབས་བལ་བོད་གཉིས་ཕྱོགས་ནས་ཇོ་མོ་གླང་མའི་བྱང་དང་ལྷོ་ངོས་སུ་རི་འཛེགས་བྱ་ཐུབ་པ་དེ་ནི།  མི་ཚེའི་ནང་ཁོ་པའི་སེམས་ཀྱི་འཆར་སྣང་ཞིག་གྲུབ་ཡོད་པ་དང་། བལ་ཡུལ་གཞུང་ནས་ཁོ་པར་ཁྲིམས་ཐོག་ནག་ཉེས་ཆད་ཇི་འདྲ་ཞིག་བཀལ་ཡང་དེར་གདོང་ལེན་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་བརྗོད་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎