རྒྱ་ནག་གཞུང་གིས་སི་པེན་གྱི་ཁྲིམས་དཔོན་ལ་འཇིགས་སྐུལ།

སི་པེན་ཆེས་མཐོའི་ཁྲིམས་དཔོན་རྒྱ་ནག་ནང་ཕེབས་རྩིས་གནང་བ་ཡིན་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

2009.08.21

༄༅༎སི་པེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་ཁང་གིས་ཉེ་དུས་རྒྱ་ནག་གི་དཔོན་རིགས་བརྒྱད་མིང་འདོན་གྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་བོད་ནང་གི་ཞི་རྒོལ་ཆེན་པོའི་ཐོག་བོད་མི་ཚོར་དྲག་གནོན་བྱས་པའི་གནས་ཚུལ་བཏོན་ནས་དཔོན་རིགས་དེ་དག་སི་པེན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཡོད་པར་རྒྱ་ནག་གཞུང་གིས་སི་པེན་གྱི་ཁྲིམས་དཔོན་ལ་འཇིགས་སྐུལ་ཉེན་བརྡ་བཏང་ཡོད་པ་རེད།

ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་སི་པེན་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སི་པེན་བོད་ཁང་གིས་རྒྱ་ནག་གཞུང་གིས་ན་ནིང་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོ་ཞིག་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་ཕྱོགས་ནས་དྲག་གནོན་བྱས་སྟེ་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཁར་བོད་མི་འཕོན་ཆེ་འཛིན་བཟུང་བྱས་ནས་ཁོང་ཚོར་ཉེས་རྡུང་མནར་གཅོད་ཚད་ལས་འདས་པ་བཏང་ཡོད་པའི་གནད་དོན་ཐོག་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཀྲང་ཆིའི་གླིས་ཚུད་པའི་རྒྱ་ནག་གི་དཔོན་རིགས་བརྒྱད་མིང་འདོན་གྱིས་སི་པེན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་ཡོད་པ་དང་ཁྲིམས་གཏུགས་གྱོད་དོན་དེར་སི་པེན་ཆེས་མཐོའི་ཁྲིམས་ཁང་གིས་སི་པེན་ཁྲིམས་ལུགས་ནང་དོན་གཞིར་བཟུང་རྩིས་ལེན་གནང་ཡོད་པ་དང་ཁྲིམས་གཏུགས་དེའི་ཐོག་ཞིབ་བཤེར་གཙོ་འགན་བཞེས་མཁན་སི་པེན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་སེན་ཊི་ཡ་གོ་པེ་ཌ་ར་ཛེ་ཡིས་གྱོད་དོན་དེའི་ཆེད་རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་གི་དཔོན་རིགས་ཚོས་འདྲི་ཞིབ་ཆེད་རྒྱ་ནག་ནང་གཏོང་རྒྱུའི་དགོས་འདུན་ཡི་གེ་ཞིག་ཡང་ཕུལ་ཡོད་ཅིང་ཡིན་ནའི་ཕྱི་ཟླ་ལྔ་པའི་ནང་གྱོད་དོན་དེ་ཁྲིམས་ཐོག་ནས་བརྟག་དཔྱད་གནང་མཁན་སི་པེན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་སེན་ཊི་ཡ་གོ་པེ་ཌ་ར་ཛེ་ལ་ རྒྱ་ནག་གཞུང་གིས་སི་པེན་གྱི་ཁྲིམས་ཁང་གི་དགོས་འདུན་ལ་རྒྱ་ནག་གཞུང་གིས་ཁས་ལེན་བྱ་རྒྱུ་མིན་ལུགས་ཀྱི་ལན་འདེབས་བྱས་ཡོད་ཅིང་ཕྱི་ཟླ་དྲུག་པའི་ནང་སི་པེན་གྱི་རྒྱལ་ས་མ་ཌི་རིདྲ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་སི་པེན་གྱི་ཕྱི་འབྲེལ་ལས་ཁང་ལ་ཡིག་ཐོག་ནས་གོང་ཞུས་ཁྲིམས་གཏུགས་དེ་བཞིན་ཁྲིམས་ཀྱི་ནུས་པ་གང་ཡང་མེད་པའི་གྱོད་གཏུགས་ཤིག་ཡིན་ལུགས་འཁོད་ཡོད་པ་རེད། ཡང་རྒྱལ་སྤྱིའི་བོ་དདོན་ལས་འགུལ་ཁང་གིས་མིང་འབོད་གནང་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་བརྗོད་པ་ལུང་འདྲེན་གནང་བའི་ནང་སི་པེན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པས་སི་པེན་གྱི་དཔོན་རིགས་ལ་བརྗོད་དོན་ལྟར་ན་སི་པེན་ཆེས་མཐོའི་ཁྲིམས་དཔོན་རྒྱ་ནག་ནང་ཕེབས་རྩིས་གནང་བ་ཡིན་ཚེ་འཛིན་བཟུང་བྱ་རྒྱུ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎