རྒྱ་ནག་གིས་བོད་ནང་དམག་འཐབ་གནམ་གྲུ་ཚོད་བལྟ་བྱས་པ།

རྒྱ་ནག་གིས་བོད་ནང་ར་ཤི་ཡས་བཟོས་པའི་དམག་འཐབ་གནམ་གྲུ་ཚོད་བལྟ་བྱེད་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

2010.09.04

༄༅༎རྒྱ་ནག་གིས་བོད་ནང་གསར་བརྒྱབ་བྱས་པའི་གནམ་ཐང་ཐོག་དྲག་པོའི་དམག་གི་བྱེད་སྒོ་མང་དུ་བཏང་ནས་ར་ཤི་ཡས་བཟོས་པའི་དམག་འཐབ་གནམ་གྲུ་ཚོད་བལྟ་བྱེད་འགོ་བཙུགས་་ཡོད་པའི་གནས་ཚུལ་ཐོན་འདུག་། རྒྱ་གར་གྱི་ཨིན་ཌི་ཡེན་ཨེ་སི་པེ་རེསི་ཉིན་རེ་གསར་ཤོག་ནང་སྤྱི་ཚེས་༣ཉིན་གནས་ཚུལ་སྤེལ་དོན་ལྟར་ན་ རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་གྱིས་རྒྱ་གར་གྱི་བདེ་འཇགས་ཀྱི་གནད་དོན་བསྐྱར་ཞིབ་གནང་བའི་ནང་དོན་ཕྱིར་བསྒྲགས་གནང་བའི་ནང་བོད་ཀྱི་མཐོ་སྒང་དུ་རྒྱ་ནག་གིས་གནམ་ཐང་བདུན་གསར་བརྒྱབ་བྱས་ཟིན་པ་དང་ བོད་ནང་རྒྱ་ནག་གི་དྲག་པོའི་དམག་གི་ཟབ་སྦྱོང་སོགས་ཀྱི་ལས་དོན་མང་དུ་བཏང་བ་དང་ ལྷག་དོན་དུ་ར་ཤི་ཡས་བཟོས་པའི་དམག་འཐབ་གནམ་གྲུ་Sukhoi-30sརྟགས་ཅན་ཚོད་ལྟ་འགོ་བཙུགས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད་འདུག་། རྒྱ་ནག་གི་བཅིངས་བཀྲོལ་དམག་གི་དམག་སྦྱོང་དེ་བོད་ནང་ཟླ་བ་གཉིས་སྔོན་དུ་བྱས་ཡོད་པ་དང་ དམག་སྦྱོང་དེ་ཡང་ཆེད་བཙུགས་བྱས་པའི་མྱུར་གཏོང་དམག་དཔུང་དང་ གནམ་དམག་དང་རྒྱུན་ལྡན་དམག་དཔུང་བཅས་སྡེ་ཚན་གསུམ་གྱི་མཉམ་འབྲེལ་གྱི་ཐོག་ནས་དམག་འཐབ་ཆུང་གྲས་ཀྱི་ཐབས་བྱུས་ཐོག་ཟབ་སྦྱོང་དང་ ལྷག་དོན་དུ་མེ་འཁོར་སོགས་ཀྱི་བརྒྱུད་ནས་བོད་ནང་དྲག་པོའི་འཕྲུལ་རིག་མྱུར་དུ་དབོར་འདྲེན་སོགས་ཀྱི་ཟབ་སྦྱོང་ཚོད་ལྟ་བྱས་ཡོད་པ་རྒྱ་གར་གྱིས་ཤེས་རྟོགས་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎