རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐེ་ཇུས་བྱེད་མི་ཆོག་བཤད།

རྒྱ་ནག་གཞུང་གིས་ཨ་མི་རི་ཀར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐེ་ཇུས་བྱེད་མི་ཆོག་པའི་ལན་འདེབས་བྱས་ཡོད་པ་རེད།

2011.04.10

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས། རྒྱ་ནག་གཞུང་གིས་བར་ལམ་དམངས་གཙོ་དོན་གཉེར་ཅན་ཁག་ཅིག་འཛིན་བཟུང་བྱས་པ་རྣམས་གློད་བགྲོལ་གཏོང་དགོས་པའི་བཀའ་མོལ་གསུང་པའི་རྗེས། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐེ་ཇུས་བྱེད་མི་ཆོག་པའི་ལན་འདེབས་བྱས་ཡོད་པ་རེད།

དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལོ་ལྟར་ཞིབ་འཇུག་གནང་སྲོལ་ཡོད་པ་བཞིན། ཐེངས་འདིའི་ལོ་འཁོར་གྱི་ཞིབ་འཇུག་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་དམངས་གཙོ་དོན་གཉེར་ཅན་དང༌། གསར་འགྱུར་བརྒྱུད་ལམ། རང་དབང་གི་དྲ་གནས་ལྟ་ཀློག་བྱེད་རྒྱུ་བཀག་འགོག་དང་རྡུང་རྡེག་གི་བྱ་སྤྱོད་ཤུགས་ཆེ་རུ་བཏང་བ་མ་ཟད། བོད་དང་ཤིང་ཅང་ནང་དུ་ཧ་ཅང་གི་ཚབས་ཆེ་བའི་དྲག་གནོན་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད། རེས་གཟའ་པ་སངས་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་ནས་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་རྡུང་རྡེག་གཏོང་བའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་སྐོར་གསུང་བ་རེད། འདི་ལོའི་ཕྱི་ཟླ་གཉིས་པ་ནས་བཟུང་སྟེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པ་དང༌། རྩོམ་བྲིས་པ། སྒྱུ་རྩལ་བ། ཤེས་ལྡན་པ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་འཛིན་བཟུང་བྱེད་པ་དང་དོ་དམ་བཀག་ཉར་བྱེད་པའི་བྱ་སྤྱོད་གསལ་སྟོན་གནང་བ་མ་ཟད། དམིགས་བསལ་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གནང་མཁན་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ཟླ་བ་འདིའི་ཕྱི་ཚེས་གསུམ་ཉིན་དཔལ་འབྱོར་གྱི་ཁྲིམས་འགལ་ཉེས་བསག་གི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པའི་གནད་དོན་གསལ་བཏོན་གནང་འདུག ཨ་རིའི་ཕྱོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་དེར་མུ་མཐུད་ནས་བློ་འཚབ་ཡོད་ཅེས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎