རྒྱ་ནག་གཞུང་གིས་འཕྲུལ་རིག་ཚན་པ་ཁག་གི་ཐོག་དམ་དྲག་བྱེད་འགོ་ཚུགས་འདུག

2021.08.17
རྒྱ་ནག་གཞུང་གིས་འཕྲུལ་རིག་ཚན་པ་ཁག་གི་ཐོག་དམ་དྲག་བྱེད་འགོ་ཚུགས་འདུག རྒྱ་ནག་པེ་ཅིང་གི་དྲ་ཁང་ཞིག་གི་ནང་།
AP

རྒྱ་ནག་གཞུང་གིས་ཚོང་ལས་འགྲན་རྩོད་དྲང་བདེན་མེད་པའི་གནས་ལུགས་བཤད་དེ་འཕྲུལ་རིག་ཚན་པ་ཁག་གི་ཐོག་ཞིབ་འཇུག་དང་དམ་དྲག་བྱེད་འགོ་ཚུགས་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཚོང་ལས་འགྲན་བསྡུར་དྲང་བདེན་ཡོང་གི་མེད་པ་དང་། ཚོང་ལས་ཁང་ཁག་གི་སྒྲིག་སྲོལ་སོར་གནས་སམ་ལག་བསྟར་བྱེད་ཕྱོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་ལུགས་བཤད་དེ་འདི་ཚེས་༡༧་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་འཕྲུལ་རིག་ཚན་པ་ཁག་གི་ཐོག་ལ་དམ་དྲག་གི་ལས་དོན་ཤུགས་ཆེ་རུ་བཏང་བ་སོགས་ཞིབ་ཕྲའི་སྒྲིག་སྲོལ་འགྲེམས་སྤེལ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་བའི་ཟླ་བ་འགའ་ཤས་ནས་རྒྱ་ནག་ནང་གི་དྲ་རྒྱའི་བརྒྱུད་ལམ་ཐོག་ལ་དམ་དྲག་ཆེ་རུ་བཏང་སྟེ། ཁྲོམ་རའི་དངོས་ཟོག་གི་རིན་གོང་འཕར་ཆག་གི་སྒྲིག་སྲོལ་བེད་སྤྱོད་ལོག་པར་གཏོང་བཞིན་པ་ནས་ཁྲོམ་རའི་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་ཉེན་ཁ་དང་། མཛད་སྤྱོད་པ་ཚོའི་གནས་ཚུལ་བེད་སྤྱོད་ལོག་པར་གཏོང་བ། མཛད་སྤྱོད་པ་ཚོའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་ལུགས་སོགས་ཀྱི་རྒྱུ་མཚན་བཤད་དེ་དྲ་རྒྱའི་ཐོག་ལ་དམ་དྲག་བྱས་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཁྲོམ་རའི་སྒྲིག་སྲོལ་འཛིན་སྐྱོང་ལས་ཁང་(SAMR) ཟེར་བས། ཁྲོམ་རའི་འགྲན་རྩོད་དྲང་པོ་མེད་པའི་བྱ་སྤྱོད་བཀག་སྡོམ་བྱ་རྒྱུ་དང་མཛད་སྤྱོད་པ་ཚོའི་གནས་ཚུལ་བེད་སྤྱོད་ལོག་པར་མི་གཏོང་ཆེད་སྲུང་སྐྱོབ་སོགས་ཀྱི་སྒྲིག་སྲོལ་ཟིན་བྲིས་ཆ་ཚང་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད་འདུག
རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་(Consultancy Agency China)་ཟེར་བའི་ཐབས་ཇུས་དང་ཞིབ་འཇུག་འགན་འཛིན་(Michael Norris)་ཞུ་བས། རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་སྒྲིག་སྲོལ་དེའི་དམིགས་ཡུལ་ནི། དྲ་རྒྱའི་ཐོག་གི་ཚོང་ལས་འགྲན་རྩོད་གྱི་ཆེད་དུ་དམིགས་ནས་གཏན་འབེབས་བྱས་པ་གསལ་པོ་ཡིན་པ་འགྲེལ་བརྗོད་བྱས་འདུག

གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎