རྒྱ་ནག་དམག་དོན་འགྲོ་གྲོན་གཏོང་མཁན་ཆེ་ཤོས་ཨང་གཉིས་པ།
2009.06.11
༄༅༎རྒྱ་ནག་འཛམ་གླིང་ཡོངས་ནས་དམག་དོན་གྱི་འགྲོ་གྲོན་གཏོང་མཁན་ཆེ་ཤོས་ཨང་གཉིས་པར་གྱུར་ཡོད་པའི་གནས་ཚུལ་སྤེལ་བཞག
རེས་གཟའ་མིག་དམར་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན་སུད་ལྦེ་ཌེན་གྱི་སི་ཀྲོག་ཧོམ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་སྙན་ཞུའི་ནང་འཁོད་ཡས་ལ་རྒྱ་ནག་དེ་འཛམ་གླིང་ཐོག་དམག་དོན་ལ་འགྲོ་སོང་གཏོང་མཁན་ཤུགས་ཆེ་ཤོས་ཨང་གཉིས་པ་ཏེ་ཨ་རིའི་རྗེས་མ་དེ་རེད། ཉིས་སྟོང་བརྒྱད་ལོར་འཛམ་གླིང་ཐོག་དམག་དོན་འགྲོ་གྲོན་དེའི་གོང་གི་ལོ་ལས་བརྒྱ་ཆ་བཞི་མཐོ་རུ་བཏང་ཡོད་ཅིང་འོན་ཀྱང་རྒྱ་ནག་གཞུང་གིས་བརྒྱ་ཆ་བཅུ་མང་དུ་བཏང་ནས་ཨ་རིའི་སྒོར་མོ་དུང་ཕྱུར་༨༤༩བཏང་ཡོད་པ་རེད།
སི་ཀྲོག་ཧོམ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་ལོ་རེའི་སྙན་ཞུ་དེའི་ནང་འཁོད་ཡས་ལ་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་གོ་མཚོན་ཉོས་ནས་དམག་དོན་དེང་དུས་ཅན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་དང་ན་ནིང་གི་དམག་དོན་འགྲོ་གྲོན་དེ་ལོ་བཅུའི་གོང་ལས་ལྡབ་གསུམ་གྱི་མང་དུ་བཏང་ཡོད་པ་དེ་ཕེ་རན་སི་དང་དབྱིན་ཡུལ་བཅས་ཀྱི་ཚད་ལས་བརྒལ་ཏེ་དམག་དོན་འགྲོ་གྲོན་གཏོང་མཁན་ཨང་གཉིས་པར་གྱུར་ཡོད་པ་རེད་ཅེས་སོགས་འཁོད་བཞག