རྒྱ་ནག་གཞུང་གིས་རི་ལིའི་འཛུཌ་སྐྲུན་ལས་གཞི་མཚམས་འཇོག

རི་ལི་མྱུར་ཚད་མགྱོགས་ཤོས་གཉིས་བརྡབ་སྐྱོན་བྱུང་རྗེས་རི་ལི་དེའི་འགྲོ་ལམ་གསར་སྐྲུན་གྱི་ལས་གཞི་གནས་སྐབས་མཚམས་འཇོག་བྱས་ཡོད་པ།

2011.08.11

༄༅༎ཉེ་ཆར་རྒྱ་ནག་གི་རི་ལི་མྱུར་ཚད་མགྱོགས་ཤོས་གཉིས་བརྡབ་སྐྱོན་བྱུང་སྟེ། འགྲུལ་པ་ཤི་རྨས་ཀྱི་གནས་ཚུལ་ཚབས་ཆེ་བྱུང་བའི་རྗེས། རྒྱ་ནག་མི་དམངས་ནང་དོན་རྐྱེན་དེའི་ཐད་ལ་གླེང་སློང་ཤུགས་ཆེ་བྱུང་བར་བརྟེན་ནས། རྒྱ་ནག་གཞུང་གིས་རི་ལི་དེའི་འགྲོ་ལམ་གསར་པ་འཛུགས་སྐྲུན་གྱི་ལས་གཞི་གནས་སྐབས་མཚམས་འཇོག་བྱས་ཡོད་པ་རེད།

ད་དུང་ཡང་འབྲེལ་ཡོད་རི་ལིའི་དཔོན་རིགས་ནས། གསར་དུ་འཛུགས་སྐྲུན་བྱས་པའི་རི་ལིའི་ལྕགས་ལམ་ཐོག་རི་ལིའི་འགྲིམ་འགྲུལ་གྱི་མགྱོགས་ཚད་དལ་དུ་བཏང་ཡོད་པ་མ་ཟད། ད་བར་འཛུགས་སྐྲུན་བྱས་ཟིན་པའི་རི་ལི་མྱུར་ཚད་མགྱོགས་ཤོས་གཏོང་ཡུལ་གྱི་ལྕགས་ལམ་དང༌། འཛུགས་སྐྲུན་བྱེད་བཞིན་པའི་ལྕགས་ལམ་ཐོག་བདེ་འཇགས་ཉེན་ཁ་ཡོད་མེད་ཞིབ་འཇུག་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཤད་ཡོད་ཅིང༌། དེ་ཡང་རེས་གཟའ་ཕུར་བུའི་ཕྱི་དྲོ་རྒྱ་ནག་བློན་ཆེན་ལྷན་ཁང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ང་ཚོས་རི་ལིའི་ལྕགས་ལམ་ཞིབ་འཇུག་བྱེད་པའི་རིང་ལ་རི་ལིའི་འགྲིམས་འགྲུལ་མཚམས་འཇོག་བྱ་རྒྱུ་དང༌། རི་ལིའི་ལྕགས་ལམ་གསར་པ་འཛུགས་སྐྲུན་བྱས་ཟིན་པ་དེ་དག་ཐོག་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།

འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱིས་རི་ལི་མྱུར་ཚད་མགྱོགས་ཤོས་བཟོ་སྐྲུན་གྱིས་འགྲིམས་འགྲུལ་གྱི་ལས་གཞི་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་དེ་ནི། རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དགོས་མཁོ་གཙོ་བོ་ཞིག་ཡིན་ཞིང༌། འོན་ཀྱང་ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་༢༣ ཉིན་རི་ལི་མྱུར་ཚད་མགྱོགས་ཤོས་གཉིས་གདོང་ཐུག་བྱུང་སྟེ། དེའི་ནང་གི་འགྲུལ་པ་མི་གྲངས་༤༠ འདས་གྲོངས་སུ་གྱུར་བའི་རྗེས། རྒྱ་ནག་མི་དམངས་ནང་རི་ལི་དེའི་ཐད་ལ་མི་མཐུན་པའི་ལྟ་ཚུལ་འཛིན་མཁན་དང་ཁོང་ཁྲོའི་རྣོ་ངར་ཆེ་བའི་རྩོད་གཞིའི་གནད་དོན་ཞིག་ཏུ་གྱུར་ཏེ། གཞུང་གིས་འཛུགས་སྐྲུན་འཕེལ་རྒྱས་གཏོང་རྒྱུ་ཁོ་ནའི་འདོད་རྔམ་མ་བྱས་པར་མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་སྐྲུན་དགོས་ཞེས་པའི་སྐྱོན་བརྗོད་འདྲ་མིན་བྱེད་མཁན་བྱུང་བ་མ་ཟད། ཐ་ན་གཞུང་གི་གསར་འགྱུར་བརྒྱུད་ལམ་དཔེར་ན། རྒྱ་མི་དམངས་ཉེན་རེའི་གསར་པར་ཐོག་ལའང་སྐྱོན་བརྗོད་ཀྱི་གནས་ཚུལ་བཀོད་སྤེལ་བྱས་པར་བརྟེན་ནས། རྒྱ་ནག་གཞུང་ཕྱོགས་ནས་རི་ལིའི་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་བསྐྱར་དུ་རྣོ་བསམ་མ་བཏང་རང་བཏང་ཞིག་ཏུ་གྱུར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎