རྒྱ་ནག་གཞུང་འབྲེལ་གསར་ཤོག་ཐོག་ཨ་རིར་སྐྱོན་བརྗོད་བྱས་པ།

ཨ་རིས་ཤར་ཞི་བདེ་རྒྱ་མཚོའི་ཁུལ་ཚོང་དོན་འབྲེལ་ལམ་གྱི་ལས་གཞི་རྒྱ་སྐྱེད་ནི་རྒྱ་ནག་ལ་དགྲ་འཛིན་འཁོན་སེམས་ཀྱི་རྣམ་འགྱུར་ཡིན་ལུགས།

2011.11.12

༄༅༎ཨ་མི་རི་ཀས་ཤར་ཞི་བདེ་རྒྱ་མཚོའི་ཁུལ་ཚོང་དོན་འབྲེལ་ལམ་གྱི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པ་དེ་ནི། རྒྱ་ནག་ལ་དགྲ་འཛིན་འཁོན་སེམས་ཀྱི་རྣམ་འགྱུར་བསྟན་པ་ཞིག་ཡིན་ལུགས་ རྒྱ་ནག་གཞུང་འབྲེལ་གོལོ་སྦལ་ཀྲའེམ་སེ་(Global Times)ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པའི་ཆེད་གཏམ་གྱི་ནང་བཀོད་ཡོད་པ་རེད།
དེང་སྐབས་ཨ་མི་རི་ཀའི་ངོས་ནས་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་ཕན་ཚུན་གྱི་ཐབས་བྱུས་དང་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཤིག་འཛུག་ཐབས་ཐད་འབད་བརྩོན་ཤུགས་ཆེ་གནང་བཞིན་ཡོད་པ་དང་། གཟའ་པ་སངས་ཉིན་ཉེ་ཧོང་ཡང་མཐུན་ཚོགས་དེའི་ནང་འཛུལ་ཞུགས་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང༌། རྒྱ་ནག་གིས་གལ་ཏེ་རྒྱ་ནག་ཀྱང་མཐུན་ཚོགས་དེའི་ནང་འཛུལ་ཞུགས་ཡོང་རྒྱུའི་མགྲོན་བརྡ་བྱུང་ཚེ་འཛུལ་ཞུགས་བྱ་མིན་གྱི་བསམ་བློ་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་་གཞུང་འབྲེལ་གསར་ཤོག་དེའི་ནང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ ཧི་ལ་རི་ ཀིལན་ཊན་གྱིས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཊོན་ནས་ཀྲི་པི་པི་འམ། ཞི་བདེ་རྒྱ་མཚོའི་ཕན་ཚུན་གྱི་ཐབས་བྱུས་དང་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཞེས་པའི་ཨ་མི་རི་ཀ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡུལ་གྲུ་འགའ་ཤས་དབར་ཁྲལ་མེད་པའི་ཚོང་དོན་འབྲེལ་ལམ་འཛུག་ཐབས་ཀྱི་ལས་གཞི་ངོ་སྤྲོད་ཀྱི་ལས་དོན་འགོ་འཛུགས་སྐབས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སྐྱོན་བཙུགས་གནང་ཡོད་པ་རེད་ཅེས་དང༌ ཀིལན་ཊན་གྱི་གཏམ་བཤད་དེས་ཨ་མི་རི་ཀས་ཞི་བདེ་རྒྱ་མཚོའི་ཐབས་བྱུས་དང་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་གཞི་དེ་བརྒྱུད་སྟེ་རྒྱ་ནག་བཅུན་ཐབས་བྱེད་རྒྱུ་ཡིན་པའི་གཏམ་འཆལ་ཞིག་ཡོད་པ་དེ་དངོས་འབྲེལ་ཡིན་པའི་ཁུངས་སྐྱེལ་མཚོན་རྒྱུ་དང༌། གལ་ཏེ་དེ་ལྟར་མིན་པར་ ཨ་མི་རི་ཀའི་ངོས་ནས་དངོས་འབྲེལ་ཞི་བདེ་རྒྱ་མཚོའི་ཡུལ་གྲུ་ཕན་ཚུན་དབར་ཁྲལ་མེད་པའི་ཚོང་དོན་འབྲེལ་ལམ་ལམ་ལྷོངས་ལྡན་པ་ཞིག་འཛུགས་རྒྱུའི་བསམ་བློ་ཡོད་ཚེ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་ངོས་ནས་བཀའ་མོལ་གནང་སྟངས་དེ་མ་སྒྲིག་པ་ཞིག་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎